༄༅། །ཕྱི་ལོ་༢༠༡༩ ལོའི་ཆོས་སྡེ་ཆེན་པོ་དཔལ་ནཱལནྡཱགཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གསང་སྔགས་ཀྱི་རྒྱུགས་སྤྲོད་དང་། སློབ་གཉེར་སྤྱི་བྱིངས་ཀྱི་བྲིས་རྒྱུགས་ཆེན་མོ་བཅས་ལེགས་པར་གྲུབ་པ།
བོད་རྒྱལ་ལོ་༢༡༤༦ ཟླ་བ་ ༧ ཚེས ༡༣ དང་༡༤། ཕྱི་ལོ་༢༠༡༩ ལོའི་ཟླ་ ༩ ཚེས་༡༡ དང ་༡༢ ཉིན་གཉིས་རིང་། ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་དགེ་བཤེས་རྣམས་ཀྱིས་གསང་སྔགས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས་སྤྲད་ཡོད་ཅིང་། དགེ་བཤེས་ཐོན་པ་དང་དཔལ་ལྡན་སྨད་སྟོད་ཀྱི་ཆོས་ཐོག་གྲུབ་རྗེས་གྲྭ་ཚང་ལ་ཕྱིར་ཕེབས་གནང་སྟེ་སླར་ཡང་ལོ་གསུམ་རིང་གསང་སྔགས་ལ་ཐོས་བསམ་བྱེད་དགོས་པ་མ་ཟད་ལོ་གསུམ་རིང་རྒྱུགས་སྤྲོད་ཀྱང་གནང་དགོས། དེར་བརྟེན་གསང་སྔགས་འཛིན་གྲྭ་གསུམ་ཡོད་པ་དང་།
ཕྱི་ཚེས༡༧ ནས་༡༩ བར་ཉིན་གསུམ་རིང་སློབ་གཉེར་བ་སྤྱི་བྱིངས་ཀྱིས་བྲིས་རྒྱུགས་ཆེན་མོ་བྱས་ཡོད་པ་དང་། བྲིས་རྒྱུགས་ལ་ཀ་སྡེ་དང་ཀ་སྡེ་གཉིས་ལས་ཀ་སྡེ་ནི་རྟགས་རིགས་འཛིན་གྲྭ་ནས་མཛོད་བར་གཞུང་ཚན་སོ་སོའི་དྲི་བ་ལ་ལན་འདེབས་དགོས་པ་དང་། ཁ་སྡེ་ལ་རྟགས་རིགས་འཛིན་གྲྭ་ནས་ཕར་ཕྱིན་སྐབས་ལྔ་པའི་བར་དག་ཡིག་དང་། སུམ་ཅུ་པ། རྟགས་འཇུག ། ཆོས་འབྱུང་། སྙན་ངག། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་། བྱང་ཆུབ་སེམས་དཔའ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་སོགས་འཛིན་གྲྭ་སོ་སོར་གང་འཁེལ་བ་རྣམས་རྒྱུགས་སྤྲོད་འབུལ་ལམ་ཞུས་ཡོད།
དེ་ལ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུས་བླ་མ་གཞུང་ལེན་པ། ཁྲིམས་བདག་དགེ་བསྐོས་མཆོག་དང་ཆབ་རིལ། ཕྱག་མཛོད་ཁྲི་པ། རྒྱུགས་ཞིབ་ལྷན་ཚོགས་ཁག་གིས་སྐོར་གཡེང་བྱས་ནས་གཟིགས་ཞིབ་གནང་གི་ཡོད།
དེ་ཡང་བྲིས་རྒྱུགས་ལ་ཉིན་རེར་ཚོགས་ཐུན་སྔ་དགོང་གཉིས་དང་ཚོགས་ཐུན་རེར་ཆུ་ཚོད་གསུམ་རེ་བྱས་ཏེ་རྒྱུགས་འབུལ་སར་ཕེབས་དགོས། བློ་གླིང་རྒྱུགས་སྤྲོད་དོ་དམ་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ་རྒྱུགས་འབུལ་བྱེད་དགོས་པ་ཡིན། རྟགས་རིགས་འཛིན་གྲྭ་ནས་མཛོད་འཛིན་གྲྭ་བར་ཉིན་རེར་འཛིན་གྲྭ་ཁག་བརྒྱད་རེས་རྒྱུགས་ལ་ཞུགས་ཡོད།
ད་ལོར་རྒྱུགས་འབུལ་མཁན་སློབ་གཉེར་བ་ཡོངས་ཞལ་གྲངས་༡༤༥༠ ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ཡོད་པ་དང་། གསང་སྔགས་རྒྱུགས་ཞུགས་པ་རྣམས་ལ་རྩོད་བྲིས་གཉིས་ཡོད་ཅིང་། གཞན་སློབ་གཉེར་བ་རྣམས་ཀྱིས་བློ་རྩོད་བྲིས་གསུམ་གྱི་རྒྱུགས་ལ་ཞུགས་ཏེ་རྒྱུགས་སྤྲོད་འབུལ་ལམ་ཞུས་ཡོད། དེ་རིང་ཉིན་རྒྱབ་རྒྱུགས་སྤྲོད་ཀྱི་བྱེད་སྒོ་ཁག་ལེགས་པར་གྲུབ་གྲོལ་ཡོད་པ་དང་།