༄༅། །གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་དབུ་ཕར་དོགས་གཅོད་ཆེན་མོ་ཚོགས་གནང་མཛད་པ།
- Categories གསར་འཕྲིན།
- Date November 22, 2022
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༢ ཉིན་འབྲས་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་དུ་ཕར་ཕྱིན་དོགས་གཅོད་དང་། ཚེས་ ༢༣ ཉིན་དབུ་མའི་དོགས་གཅོད་ཆེན་མོ་བཅས་ཚོགས་ཡོད། འདི་ལ་ཡོངས་གྲགས་སུ་མཁས་མང་བློ་གླིང་གྲྭ་ཚང་དུ་སྔར་གྱི་ཕྱག་སྲོལ་རྒྱུན་བཟང་ཡོད་པ་ལྟར་འཛིན་དང་པོའི་དོགས་གཅོད་ཅེས་འབོད་སྲོལ་མཆིས། ལོ་ལྟར་དགེ་ལས་ཐོག་རྣམས་ཀྱིས་ཐུགས་འགན་བཞེས་ཏེ་དྲང་ངེས་ལེགས་བཤད་སྙིང་པོ། ཕར་ཕྱིན་དབུ་མ། འདུལ་མཛོད། རྣམ་འགྲེལ་བཅས་ཀྱི་དོགས་གཅོད་ཚོགས་དགོས།
དེ་ཡང་གཞུང་ཆེན་ཁག་གི་དཀའ་གནད་དང་། གཞུང་ཆེན་མོ་རྣམས་ཕན་ཚུན་ཚིག་ཟིན་མི་མཐུན་པ་དག་དོགས་གཅོད་ཞུ་དགོས། ལོ་འདིར་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཆོས་འཕེལ་མཆོག ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་མཆོག །དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ་གཙོས་དཔེ་ཁྲིད་དགེ་རྒན་སོགས་མཁས་དབང་པོ་རྒྱན་དྲུག་གཅིག་ཏུ་བསྡུས་པ་ལྟ་བུའི་ཆོས་ཀྱི་དགའ་སྟོན་གྱི་དབུས་སུ། ཐོག་མར་དབུ་མཛད་ཀྱིས་དབུ་སྐུལ་གནང་སྟེ་སྐྱབས་འགྲོ་སེམས་བསྐྱེད་དང་། འཇམ་དཔལ་མཚན་བརྗོད་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་ཚིག་མཚམས་སུ་བཞག་ནས་གྲྭ་མང་གིས་དོགས་གཅོད་ཞུས་ཡོད། མཁས་པའི་དབང་པོ་རྣམས་ཀྱིས་དོགས་གཅོད་སོ་སོར་ལུང་དང་རིགས་པར་རྒྱབ་རྟེན། དྲི་མ་མེད་པའི་རིགས་པའི་ལམ་ནས་བརྒལ་བརྟག་གནང་སྟེ་ལན་འདེབས་གནང་ཡོད། དགོང་མོར་དོགས་གཅོད་གྲུབ་པ་དང་འཇམ་དཔལ་མཚན་བརྗོད་ཀྱི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། ཞེས་པ་ནས་འདོན་པའི་འཕྲོར་མཐུད་ནས་ཞལ་འདོན་གྲུབ་རྗེས་དོགས་གཅོད་གྲོལ། ཚོགས་དུས་ནི་སྔ་དྲོར་ཆུ་ཚོད་༨ ་ནས་ཆུ་ཚོད་༡༡ བར་དང་། ཉིན་རྒྱབ་ཆུ་ཚོད་༢ པ་ནས་ཆུ་ཚོད་༥ པའི་བར་ཚོགས་ཡོད།