༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གླིང་གྲྭ་ཚང་གིས་བསྟན་པ་རྒྱས་པ་དང་འགྲོ་ཀུན་བདེ་བའི་སླད་སྦྱིན་བདག་ཁག་གིས་རེ་སྐུལ་ལྟར་ཞབས་རིམ་སྒྲོལ་ཆོག་ཚོགས་བཞིན་པ།
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༧ ཉིན་བསྟན་པ་རྒྱས་པ་དང་འགྲོ་ཀུན་བདེ་ཞིང་། ཁྱད་པར་ ༸་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཞིང་རླབས་ཆེན་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སླད་ཐེ་ཝན་གནས་བཞུགས་བློ་གླིང་ཀུན་ཕན་ཆོས་ཚོགས་ཀྱི་དབུ་འཛིན་དགེ་བཤེས་བསྟན་འཛིན་ལམ་བཟང་མཆོག་དང་སྦྱིན་བདག་ཁག་གིས་རེེ་སྐུལ་ལྟར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་དགེ་བཤེས་རྣམས་ཀྱིས་གོང་གསོལ་ལྟར་འགྲུབ་པའི་སླད་བློ་གླིང་གཙུག་ལག་ཁང་དུ་སྒྲོལ་ཆོག་ཚོགས་བཞིན་པ།