གྲྭ་ཚང་གི་སྦག་སའི་གནས་བརྟན་བགྲེས་པ་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་གསོལ་ཚིགས་དང་ན་བཟའི་དོད་བཅས་བསྙེན་བཀུར་གཟབ་རྒྱས་ཞུས་གནང་བ།།
ཕྱི་ལོ༢༠༡༩/༦/༢༩ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་སྦག་སའི་གནས་བརྟན་བགྲེས་པ་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་ཨ་རི་ཊིཀ་སཱས་ཆོས་ཚོགས་ཀྱི་དབུ་འཛིན་གླིང་དགའ་བླ་རིན་པོ་ཆེ་མཆོག་གཙོས་ཆོས་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་བརྒྱུདདེ་ཡང་དབུ་བཞུགས་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་མཆོག་དང་། མཁན་ལས་ཟུར་རྣམ་པ། ༧སྐྱབས་རྗེ་མཁན་རིན་པོ་ཆེ་དབུས་དབུ་ཆོས་ཁགདང་། གནས་བརྟན་བགྲེས་སོང་ལྔ་བཅུ་ལྷག་དང་། དཔེ་ཁྲིད་དགེ་རྒན། ཕྱག་མཛོད་ཁྲི་པ་གཙོས་ཕྱག་མཛོད་ལྷན་རྒྱས་བཅས་བློ་གླིང་སྒོམ་སྒྲུབ་ཚན་རིག་ལྟེ་གནས་ཁང་དུ་ལྷན་འཛོམས་ཐོག་ཉིན་གུང་བཞེས་ལག་གཟབ་རྒྱས་དང་། ན་བཟའི་དོད་བཅས་འབུལ་ལམ་ཞུས་པ་དང་། དྲན་རྟེན་སྐུ་པར་ཡང་སྒྲོན་གནང་མཛད་ཡོད་པ་བཅས།