ཁྱབ་བདག་བཀའ་འགྱུར་བ་བློ་གླིང་མཁན་ཟུར་རྡོ་རྗེ་འཆང་༸སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་མཆོག་གི་ཆོས་བརྡ་གསལ་བསྒྲགས།
ཆོས་བརྡ་གསལ་བསྒྲགས།
༄༅།། རྣམ་གྲོལ་ཐར་པའི་གོ་འཕང་དོན་དུ་གཉེར་བའི་ཆོས་ཞུ་བ་ཡོངས་ཀྱི་སྙན་ལམ་དུ།. ཞུ་སྙིང་།
ཁྱབ་བདག་བཀའ་འགྱུར་བ་མཁན་ཟུར་རྡོ་རྗེ་འཆང་༸སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། ལོ་སྔ་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་གནང་འཕྲོས་དེ་བཞིན། འདི་ལོའི་ཕྱི་ཟླ་ ༡༠ཚེས་༡༥ དང་། བོད་ཟླ་ ༨ ཚེས་ ༢༡ ནས་ཟླ་བ་གཅིག་ལྷག་གི་རིང་གནང་གཏན་ཁེལ་སོང་བ་ལགས་ན་དེ་དོན་དགོངས་མངའ་ཡོང་བའི་གསལ་བསྒྲགས་སུ།
འབྲས་སྤུངས་བློ་གླིང་གྲྭ་ཚང་ནས།
ཕྱི་ལོ་ ༢༠༢༢ ཟླ་༣ ཚེས་༡༤ ཉིན།