ལོ་ ༢༠༡༩ ལོའི་ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སློབ་གཉེར་བ་ཡོངས་ཀྱི་སྲོད་ཆོས་ཆེན་མོ་འཚོགས་པ།
བོད་རྒྱལ་ལོ་༢༡༤༦ ཟླ་བ་ ༩ ཚེས ༡༧ དང་།ཕྱི་ལོ་༢༠༡༩ལོའི་ཟླ་༡༡ཚེས་༡༤དང་།རེས་གཟའ་ཕུར་བུ་ཉིན་གྱི་ས་སྲོད་དུས་སུ་སྐུ་རིམ་འཚོགས་པ་དང་དུས་མཚུངས་སློབ་གཉེར་བ་རྣམས་གྲལ་ཟླ་གམ་ལྟ་བུ་བྱས་ཏེ་སྲོད་ཆོས་ཆེན་མོ་འཚོགས་ཡོད།སྲོད་ཆོས་ཆེན་མོ་ཞེས་པ་ནི་གྲྭ་ཚང་འདི་ཉིད་ཀྱི་བྱེད་སྒོ་གལ་ཆེ་བ་ཞིག་ཡིན།སྲོད་ཆོས་འཚོགས་པའི་དགོས་དོན་ཡང་གཞུང་ཆེན་ཁག་ལ་ཐོས་བསམ་གྱི་ཚེ་ཕྱི་ཤེས་བྱའི་རྣམ་གྲངས་བགྲང་བ།ཐོས་པ་ལྷུར་ལེན་དང་།རྩོད་པ་ལྷུར་ལེན་དུ་མ་སོང་བ།ནང་གི་སེམས་རྒྱུད་འདུལ་བའི་རིམ་པར་གཙོ་བོར་བྱས་ཏེ་སྒྲུབ་པ་ལྷུར་ལེན་གྱི་ཐོས་བསམ་གནད་དུ་འགྲོ་བའི་ཆེད་དུ་ཡིན།
སྲོད་ཆོས་འཚོགས་པའི་དུས་ཚོད་ནི་གྲྭ་ཚང་ལ་ལོ་གཅིག་གི་ཆོས་ར་(དཔྱིད་ཆོས་དང་པོ། ཉིན་བཅོ་ལྔ། བོད་ཟླ་ ༢ ཚེས་ ༢ ནས་ཟླ་བ་ ༢ པའི་ཚེས་ ༡༦ བར། )(དཔྱིད་ཆོས་ཆེན་མོ། ཟླ་ཆོས། བོད་ཟླ་ ༣ ཚེས་ ༣ ནས་ཟླ་བ་ ༤ པའི་ཚེས་ ༣ བར། )( དབྱར་ཆོས་དང་པོའམ་སྟོང་ཉིད་ཆོས་ར། ཉིན་ཉི་ཤུ། བོད་ཟླ་ ༤ ཚེས་ ༡༦ ནས་ཟླ་བ་ ༥ པའི་ཚེས་ ༦ བར། )( དབྱར་ཆོས་ཆེན་མོ། ཟླ་ཆོས། བོད་ཟླ་ ༥ ཚེས་ ༡༦ ནས་ཟླ་བ་ ༦ པའི་ཚེས་ ༡༦ བར།)( སྟོན་ཆོས་ཆེན་མོ། ཟླ་ཆོས། བོད་ཟླ་ ༨ ཚེས་ ༣ ནས་ཟླ་བ་ ༩ པའི་ཚེས་ ༣ བར།)(སྟོན་ཆོས་གཉིས་པའམ་ས་དཀར་ཆོས་ར། ཉིན་ཉི་ཤུ། བོད་ཟླ་ ༩ ཚེས་ ༡༦ ནས་ཟླ་བ་ ༡༠ པའི་ཚེས་ ༦ བར།)( དགུན་ཆོས་དང་པོའམ་ལྔ་མཆོད་ཆོས་ར། ཉིན་བཅོ་ལྔ། བོད་ཟླ་ ༡༠ ཚེས་ ༡༦ ནས་ཟླ་བ་ ༡༡ པའི་ཚེས་ ༡ བར།) (དགུན་ཆོས་ཆེན་མོ། ཟླ་ཆོས། བོད་ཟླ་ ༡༡ ཚེས་ ༡༦ ནས་ཟླ་བ་ ༡༢ པའི་ཚེས་ ༦ བར། )བཅས་ལོ་བསྟར་ཆགས་སུ་ཆོས་ར་འཚོགས་གནང་བའི་ནང་སྲོད་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ནི་སྟོན་ཆོས་གཉིས་པའམ་ས་དཀར་ཆོས་ར་ནང་དུ་འཚོགས་དགོས།
དེ་ཡི་ཚུལ་ཡང་སྲོད་ཆོས་སྐབས་སྐུ་རིམ་ཚུགས་རྗེས་ཆབ་རིལ་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གདན་འདྲེན་ཞུས།མཁན་རིན་པོ་ཆེ་ཕེབས་བཞིན་པའི་སྐབས་གྲྭ་མང་གིས་སྐུ་རིམ་གྱི་སྒྲོལ་མ་འདོན་བཞིན་པའི་སྐབས་ཡིན་པའི་དབུ་དུད་ནས་བཞུགས་པ་ལས་ཡར་བཞེངས་མི་དགོས།དེ་ནས་མཁན་རིན་པོ་ཆེ་བཞུགས་ཁྲིར་འཁོད།དེ་ནས་སྐུ་རིམ་གྱི་ཞལ་འདོན་ཚར་བ་དང་།སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ལམ་རིམ་བདེ་ལམ་འགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ།ས་བཅད་གང་ཞིག་བར་དུ་དལ་བུར་ཐུགས་ཐོག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ལན་གསུམ་གསུང་གནང་བ་དང་།གྲྭ་མང་ནས་ཀྱང་གསུང་གི་ཚིག་རིམ་བཞིན་དུ་མོས་སྒོམ་དང་བདུད་རྩི་འབེབས་སྦྱངས་གནང་སྟེ།ས་བཅད་སོ་སོའི་སྐབས་ནས་བསྟན་པའི་ལམ་རྣམས་ལ་མཉམ་པར་བཞག་སྟེ་བཞུགས།
བླ་མ་གཞུང་ལེན་པ་དགེ་བཤེས་ཡེ་ཤེས་ཆོས་འཕེལ་མཆོག་གིས་ཀྱང་ལམ་རིམ་མཁན་རིན་པོ་ཆེའི་གསུང་མཚམས་བར་དུ་ལན་གཅིག་སྐྱོར་གནང་མཛད། དེ་ནས་མཁན་རིན་པོ་ཆེ་མཆོག་གིས་ཕེབས་ཤིག་གསུངས་པ་དང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་མཁན་རིན་པོ་ཆེ་ལ་དབུ་གཏུགས་ཞུས་ཏེ་འཛིན་དང་པོ་བ་རྣམས་བླ་མ་གཞུང་ལེན་པའི་རྗེས་སུ་ཕེབས་ནས། ལོགས་སུ་དམ་བཅའི་གྲལ་ལྟར་འཚོགས་ཏེ་བླ་མ་གཞུང་ལེན་པས་སླར་ཡང་ལན་གསུམ་གྱི་བར་དུ་སྔར་ལྟར་སྐྱོར། དེ་ནས་མཁན་རིན་པོ་ཆེ་ནས་འཛིན་གྲྭ་སོ་སོའི་གཞུང་ཚན་བརྩི་བཞག་གནང་ནས། འཛིན་གྲྭ་སོ་སོ་དམ་བཅའི་གྲལ་ལྟར་ཚོགས་ཏེ། དགེ་བསྐོས་དགེ་བཤེས་བྱང་ཆུབ་ངག་དབང་མཆོག་གིས་གཟན་བརྡ་གནང་རིམ་བཞིན་འཛིན་གྲྭའི་སྐྱོར་དཔོན་གྱིས་དབུ་སྐུལ་གནང་བའི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་སོགས་དབྱངས་རྟ་སྙན་མོ་གཏོང་བཞིན་ཆོས་རའི་རྒྱལ་སྒོ་ནས་ཕྱིར་ཕེབས་ཏེ་གཡས་སྐོར་རང་རང་གི་ཤག་ཕེབས། སྔོན་ཆད་རྣམས་སུ་མཚན་ཕྱེད་བར་དུ་འགོར་གྱི་ཡོད། དེ་ལྟ་བུའི་གལ་འགངས་ཆེ་བའི་འཆད་ཉན་གྱི་ཚུལ་འདི་ནི་ཇེ་བཟང་ཇེ་རྒྱས་སུ་གཏང་བ་ལས་ཅུང་ཟད་ཀྱང་ཉམས་པ་མེད་པ་མཛད་གལ་ཆེ་བའི་བྱེད་སྒོ་ཞིག་ཡིན་ནོ།། )(དཔྱིད་ཆོས་ཆེན་མོ། ཟླ་ཆོས། )( དབྱར་ཆོས་དང་པོའམ་སྟོང་ཉིད་ཆོས་ར། ཉིན་ཉི་ཤུ། )( དབྱར་ཆོས་ཆེན་མོ། ཟླ་ཆོས།)( སྟོན་ཆོས་ཆེན་མོ། ཟླ་ཆོས། )(སྟོན་ཆོས་གཉིས་པའམ་ས་དཀར་ཆོས་ར། ཉིན་ཉི་ཤུ། )( དགུན་ཆོས་དང་པོའམ་ལྔ་མཆོད་ཆོས་ར། ཉིན་བཅོ་ལྔ། ) (དགུན་ཆོས་ཆེན་མོ། ཟླ་ཆོས། )བཅས་ལོ་བསྟར་ཆགས་སུ་ཚོགས་གནང་བའི་ནང་སྲོད་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ནི་སྟོན་ཆོས་གཉིས་པའམ་ས་དཀར་ཆོས་ར་ནང་དུ་འཚོགས་དགོས།
དེ་ཡི་ཚུལ་ཡང་སྲོད་ཆོས་སྐབས་སྐུ་རིམ་ཚུགས་རྗེས་ཆབ་རིལ་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གདན་འདྲེན་ཞུས།མཁན་རིན་པོ་ཆེ་ཕེབས་བཞིན་པའི་སྐབས་གྲྭ་མང་གིས་སྐུ་རིམ་གྱི་སྒྲོལ་མ་འདོན་བཞིན་པའི་སྐབས་ཡིན་པའི་དབུ་དུད་ནས་བཞུགས་པ་ལས་ཡར་བཞེངས་མི་དགོས།དེ་ནས་མཁན་རིན་པོ་ཆེ་བཞུགས་ཁྲིར་འཁོད།དེ་ནས་སྐུ་རིམ་གྱི་ཞལ་འདོན་ཚར་བ་དང་།སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ལམ་རིམ་བདེ་ལམ་འགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ།ས་བཅད་གང་ཞིག་བར་དུ་དལ་བུར་ཐུགས་ཐོག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ལན་གསུམ་གསུང་གནང་བ་དང་།གྲྭ་མང་ནས་ཀྱང་གསུང་གི་ཚིག་རིམ་བཞིན་དུ་མོས་སྒོམ་དང་བདུད་རྩི་འབེབས་སྦྱངས་གནང་སྟེ།ས་བཅད་སོ་སོའི་སྐབས་ནས་བསྟན་པའི་ལམ་རྣམས་ལ་མཉམ་པར་བཞག་སྟེ་བཞུགས།
བླ་མ་གཞུང་ལེན་པ་དགེ་བཤེས་ཡེ་ཤེས་ཆོས་འཕེལ་མཆོག་གིས་ཀྱང་ལམ་རིམ་མཁན་རིན་པོ་ཆེའི་གསུང་མཚམས་བར་དུ་ལན་གཅིག་སྐྱོར་གནང་མཛད། དེ་ནས་མཁན་རིན་པོ་ཆེ་མཆོག་གིས་ཕེབས་ཤིག་གསུངས་པ་དང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་མཁན་རིན་པོ་ཆེ་ལ་དབུ་གཏུགས་ཞུས་ཏེ་འཛིན་དང་པོ་བ་རྣམས་བླ་མ་གཞུང་ལེན་པའི་རྗེས་སུ་ཕེབས་ནས། ལོགས་སུ་དམ་བཅའི་གྲལ་ལྟར་འཚོགས་ཏེ་བླ་མ་གཞུང་ལེན་པས་སླར་ཡང་ལན་གསུམ་གྱི་བར་དུ་སྔར་ལྟར་སྐྱོར། དེ་ནས་མཁན་རིན་པོ་ཆེ་ནས་འཛིན་གྲྭ་སོ་སོའི་གཞུང་ཚན་བརྩི་བཞག་གནང་ནས། འཛིན་གྲྭ་སོ་སོ་དམ་བཅའི་གྲལ་ལྟར་ཚོགས་ཏེ། དགེ་བསྐོས་དགེ་བཤེས་བྱང་ཆུབ་ངག་དབང་མཆོག་གིས་གཟན་བརྡ་གནང་རིམ་བཞིན་འཛིན་གྲྭའི་སྐྱོར་དཔོན་གྱིས་དབུ་སྐུལ་གནང་བའི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་སོགས་དབྱངས་རྟ་སྙན་མོ་གཏོང་བཞིན་ཆོས་རའི་རྒྱལ་སྒོ་ནས་ཕྱིར་ཕེབས་ཏེ་གཡས་སྐོར་རང་རང་གི་ཤག་ཕེབས། སྔོན་ཆད་རྣམས་སུ་མཚན་ཕྱེད་བར་དུ་འགོར་གྱི་ཡོད། དེ་ལྟ་བུའི་གལ་འགངས་ཆེ་བའི་འཆད་ཉན་གྱི་ཚུལ་འདི་ནི་ཇེ་བཟང་ཇེ་རྒྱས་སུ་གཏང་བ་ལས་ཅུང་ཟད་ཀྱང་ཉམས་པ་མེད་པ་མཛད་གལ་ཆེ་བའི་བྱེད་སྒོ་ཞིག་ཡིན་ནོ།།