༄༅། །རྒྱལ་སྤྱིའི་བོད་ཀྱི་ཚན་རིག་བརྡ་ཆད་གཏན་འབེབས་ཐེངས་བཅུ་བཞི་པ་སོགས་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་འཚོགས་གནང་བ།
ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་ ༢༢ ནས་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་བརྡ་ཆད་གཏན་འབེབས་ཐེངས་བཅུ་བཞི་པ་དབུ་འཛུགས་གནང་བ་དང་། དེ་ནས་ཉིན་མ་༩ བརྡ་ཆད་གཏན་འབེབས་སྐོར་བགྲོ་གླེང་དང་ཟབ་སྦྱོང་རིམ་པར་གནང་སྟེ་ཚེས་༣༠ ཉིན་མཇུག་གྲུབ་ཡོད།
ཕྱི་ཚེས་༡ ནས་ཚེས་༥ བར་དུ་རྒྱུན་འཁྱོངས་ཀྱི་རིམ་གྱི་ཁོངས་གཏོགས་སྐད་བསྒྱུར་ཟབ་སྦྱོང་གནང་ཡོད། དེ་ལ་མི་གྲངས་༦༠ མཉམ་ཞུགས་བྱས་ཡོད། ༥༠ གྲྭ་བཙུན་དང་། ༡༠ ཙམ་མི་སྐྱ་སློབ་ཐོན་པ་གདན་ས་ཁག་གི་ཚན་རིག་དགེ་རྒན་ཡིན་ཞིང་། ལོ་རེར་རྒྱུན་འཁྱོངས་ཀྱི་ཟབ་སྦྱོང་དབྱར་དགུན་གཉིས་ལ་ཐེངས་གཉིས་རེ་ཡོད་པ་ལས་འདི་དགུན་ཁའི་རྒྱུན་འཁྱོངས་ཀྱི་ཟབ་སྦྱོང་རིམ་པ་གཉིས་པ་ཡིན།
ཕྱི་༡༢ ཚེས་༩ ནས་ ༢༢ བར་རྒྱུན་འཁྱོངས་ཀྱི་རིམ་གྱི་ཁོངས་གཏོགས་ཆ་ཤས་གཉིས་པ་ཉམས་ཞིབ་ཟབ་སྦྱོང་དེ་ལ་མི་གྲངས་༦༣ མཉམ་ཞུགས་བྱས་ཡོད། ༥༣ གྲྭ་བཙུན་དང་། གཞན་རྣམས་མི་སྐྱ་སློབ་ཐོན་གདན་ས་ཁག་གི་ཚན་རིག་དགེ་རྒན་རེད། སྔ་ཕྱི་རྣམས་ལ་དགེ་རྒན་སོགས་མཉམ་ཞུགས་པ། ཨེ་མོ་རི་དང་ལོ་ཙཱ་བ། བརྩོན་འགྲུསབསམ་འཕེལ་དང་། བསྟན་འཛིན་བསོད་ནམས། ཟླ་བ་ཚེ་རིང་འབྲོང་བུ། ཀརྨ་བསྟན་འཛིན། ཤེས་རིག་ལས་ཁུངས་ནས་ལོ་ཙཱ་བ་བསྟན་འཛིན་རབ་རྒྱས། ཝ་ར་ན་སི་ནས་སྨན་པ་བཀྲ་ཤིས་ཟླ་བ། བསྟན་འཛིན་རྒྱ་མཚོའི་ཚན་རིག་སློབ་གཉེར་བ། དགེ་བཤེས་དགེ་ལེགས་རྒྱ་མཚོ། ལེགས་པ་རྒྱ་མཚོ། ཆོསལྡན། དབང་ལྡན་བཅས་མཉམ་ཞུགས་བྱས་ཡོད། བརྩོན་འགྲུསབསམ་འཕེལ་དང་། བསྟན་འཛིན་བསོད་ནམས་གཉིས་དྲ་ཐོག་ནས་མཉམ་ཞུགས་བྱས་ཡོད། གཞན་ཡང་རྡ་ས་དཔེ་མཛོད་ཁང་གི་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་དྲ་ཐོག་ནས་སློབ་ཁྲིད་གནང་གི་ཡོད་པ་བཅས་སོ།།