མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་འཁྲུངས་སྐར་གྱི་འཚམས་ཞུ།
༄༅། །དེ་རིང་ནི་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་རང་མི་རིགས་ཀྱི་ཆོས་དང་ རིག་གཞུང་། བོད་མིའི་བདེ་སྡུག འཚོ་གནས་ཆེད་དུ་བདེན་དོན་རྩོད་ཕོད་པའི་དཔའ་བོ། བཙོན་འཇུག་དང་ བརྡུང་བརྡེག་མྱོང་བ་ལ་ཇི་མི་སྙམ་པའི་སེམས་དཔའ་ཆེན་པོ། མཐོ་སྒང་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ ལུགས་གཉིས་ཀྱི་དབུ་འཕང་དགུང་ལ་བཏེགས་ཏེ། གདོང་དམར་བོད་ཀྱི་ས་ཁྱོན་ཡོངས་ལ་སྨྲ་མི་ཤེས་པའི་ བདེ་སྐྱིད་ཀྱི་འོད་སྣང་སྦྱིན་པའི་ཉི་མ་ཆེན་པོ། བསྟན་འགྲོའི་ཕན་བདེའི་རྩ་ལག་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་ སྐུ་ཕྲེང་བཅུ་པའི་མཆོག་སྤྲུལ་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་ པོ་མཆོག་སྐུ་བལྟམས་ནས་མི་ལོ་ ༣༣ འཁོར་བའི་སྐུའི་འཁྲུངས་སྐར་ལ་དཔལ་ལྡན་འབྲས་སྤུངས་མཁས་ མང་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་ མེད་ཞུ་བ་དང་ཆབས་ཅིག་རིན་པོ་ཆེ་མཆོག་རྒྱ་དམར་གྱི་མུན་བཙོན་ལས་མྱུར་དུ་གྲོལ་ཏེ། གསང་གསུམ་ མཚན་དཔེའི་གཟུགས་སྐུ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་། མཛད་འཕྲིན་བསྟན་འགྲོའི་གསོས་སུ་ཡར་ ཟླའི་དཔལ་ཡོན་བཞིན་རྒྱས་པའི་སྨོན་འདུན་ཤུགས་དྲག་དང་བཅས། འབྲས་སྤུངས་བློ་གསལ་གྲྭ་ཚང་ནས། ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༢༥ ཉིན།