མེ་བྱ་ཟླ་བ་ ༡༠ ཚེས་ ༤ ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་ལ་དྭགས་དཔེ་ཐུབ་དགོན་གྱི་དབུ་བླ་སྐྱབས་རྗེ་བ་ཀུ་ལ་…
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ ཉིན་འབྲས་བློ་གླིང་གྲྭ་ཚང་གི་འདུ་ཁང་དུ་མཁན་ཟུར་རིན་པོ་ཆེ་དཀོན་མཆོག་པ་སངས་མཆོག་དབུས་བཞུགས་ཐོག གྲྭ་ཚང་གི་རྒྱུགས་ཞིབ་ལྷན་ཁང་གིས་ ༢༠༡༧ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་སྙན་སྒྲོན་ཞུས་ཏེ། རྟགས་རིགས་ནས་གསང་སྔགས་འཛིན་གྲྭ་བར་གྱི་རྒྱུགས་ཞུགས་པ་རྣམས་ལ་གྲུབ་འབྲས་ཤོག་ལྷེ་དང་རྒྱུགས་འབྲས་རྩེར་སོན་པ་རྣམས་ལ་ཕྱག་རྟགས་ཕུལ་ཡོད་པ་རེད། རྒྱུགས་ཞིབ་ལྷན་ཁང་གིས་རྒྱུགས་འབྲས་སྙན་སྒྲོན་ཞུ་བཞིན་པ། མཁན་ཟུར་རིན་པོ་ཆེ་མཆོག་གིས་རྒྱུགས་འབྲས་རྩེར་སོན་པ་རྣམས་ལ་ཕྱག་རྟགས་འབུལ་བཞིན་པ།
དགེ་བསྐོས་བསྐོ་གཞག་གནང་སྟངས་ནི། དང་པོ་དབུ་མ་འཛིན་གྲྭ་ཡན་འདུ་ཁང་དུ་ཚོགས་འདུ་བསྡུ་སྐོང་གིས་འོས་འཕེན་ལམ་ནས་དགེ་བསྐོས་གསར་པའི་འོས་དམིགས་མཚན་གཞུང་གསར་པ་བཟོས་རྗེས། གྲྭ་མང་ཡོངས་ནས་སླར་ཡང་འོས་འཕེན་བྱས་པར་ཁང་རྒན་རྣམས་ཀྱིས་ཞིབ་བཤེར་དང་མང་རིམ་རྩེ་ཏོག་གིས་དགེ་བསྐོས་གསར་པ་བསྐོ་བཞག་བྱེད་པ་ཡིན། དགེ་བསྐོས་ཀྱི་ལོ་དུས་ནི་དུས་འགྱུར་བྱུང་རྗེས་མོན་གྷོ་སོགས་སུ་གནས་སྤོས་བྱས་ཏེ་ཆོས་སྒར་གསར་ཆགས་བྱེད་སྐབས་དགེ་བསྐོས་ཀྱི་ལོ་དུས་ལོ་གཉིས་རེ་དང་རིམ་བཞིན་འགྱུར་བ་ཕྱིན་ཏེ་དེང་སྐབས་ལོ་གཅིག་རིང་འགན་བཞེས་གནང་གི་ཡོད་ཅིང་།དགེ་བསྐོས་བསྐོ་བཞག་གྲུབ་རྗེས་རང་ཁོངས་ཁང་ཚན་དང་། གྲྭ་ཚང་འདུ་ཁང་། བླ་སྤྱིའི་ཚོགས་ཁང་བཅས་ནས་མཛད་སྒོ་སྔར་སྲོལ་ལྟར་ཚུགས་ཀྱི་ཡོད། དགེ་བསྐོས་ཀྱི་མཛད་འགན་ནི། གཙོ་བོ་གྲྭ་ཚང་ངམ་དགོན་པ་སོ་སོའི་བཅའ་ཁྲིམས་བདག་པོ་ཡིན་པས་དགེ་འདུན་སྤྱི་བྱིངས་ཀྱི་སྒྲིག་འཛུགས་དང་། བློ་གཉེར་བ་རྣམས་ཚོགས་ཆོས་སོགས་ལ་ཕེབས་མིན་གྱི་ཞིབ་འཇུག་ནན་མོ་བྱེད་པའི་དགོན་པ་སོ་སོའི་ལས་སྣེ་དབང་ཆ་ཆེ་གྲས་ཀྱི་ཁོངས་སུ་གཏོགས་ཅིང་། བོད་ལ་ཡང་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས་ཡོད་པ་ལས་མི་བབ་དང་། སྒྲིགས་ལམ་ངེས་ཆ་ཆེ་བ། ཉེ་དགའ་ཕྱོགས་ལྷུང་བྲལ་བ། ངོ་དགའ་ཟོལ་སྦྱོར་སྒེར་དོན་སྤྱིར་ཁྱེར་དུ་མ་སོང་བ་སྒྲིག་གནོན་ངེས་པར་བྱེད་ཅིང་། ཁྲིམས་འགལ་ཆེ་ཆུང་ལ་གཞིག་པའི་ཐབས་ལ་མཁས་པ། ལོ་ཚོད་རན་པ་དང་། གཞུང་ལུགས་ཁག་དང་རིག་གནས་ཀྱི་གནས་ཚོད་ཀྱང་ངེས་ཅན་ཡོད་དགོས་པ་སོགས་ཁྱད་ཆོས་མང་དུ་དགོས་ཤིང་། གྲྭ་ཚང་གང་གི་དགེ་བསྐོས་ལོ་ན་རྒན་པ་དེ་ཚོགས་ཆེན་ཞལ་ངོ་རྒན་པར་འཇོག་ཅིང་། འདི་གར་གྲྭ་ཚང་སྒོ་བློ་གཉིས་ཀྱི་དགེ་བསྐོས་ནི་དགེ་བཤེས་ཡིན་པ་མ་ཟད་ཚོགས་ཆེན་ཞལ་ངོ་འཛིན་གྲྭ་རྒན་ཞོན་དབང་གིས་འཇོག་པར་མཆིས། སྐབས་བབ་ཀྱི་འགན་གཙོ་བོ་ནི་དགེ་འདུན་པའི་སྒྲིག་ལམ་ཀུན་སྤྱོད་ལ་སྟངས་འཛིན། གཞན་ཡང་སྐྱོར་བརྡ། ཁང་ཚན་སོ་སོའི་དམ་བཅའ། གྲྭ་ཚང་གི་ལུགས་གཉིས་ཀྱི་བྱེད་སྒོ་ཆེ་ཕྲ་མང་པོར་གཟིགས་ཞིབ་གནང་རྒྱུ་བཅས་ཡིན།
༄༅།། ཆོས་སྡེ་ཆེ་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་གསང་སྔགས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེ་མོ་དེ་ཡང་གྲྭ་མང་གི་རྒྱུགས་སྤྲོད་གྲུབ་པ་དང་ཟླ་འདིའི་ཚེས་༢༠་ཉིན་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་གསང་སྔགས་ཀྱི་ལོ་རིམ་གསུམ་ལ་རྒྱུགས་བཞུགས་བ་དགེ་བཤེས་༢༥༡་ཡོད་པ་དང་། ལོ་རིམ་དང་པོ་ནི་རྒྱུད་སྡེ་བཞིའི་རྣམ་བཞག་དང་། ལོ་རིམ་གཉིས་པ་བསྐྱེད་རིམ་གྱི་རྣམ་བཞག། ལོ་རིམ་གསུམ་པ་རྫོགས་རིམ་གྱི་རྣམ་བཞག་བཅས་ཡིན་ནོ།
དུས་འགྱུར་མ་བྱུང་གོང་མཁན་རིན་པོ་ཆེ་ནས་ཆབ་རིལ་བསྐོ་བཞག་གནང་གི་ཡོད་ཀྱང་དེང་སྐབས་དགེ་བསྐོས་ནས་ཆབ་རིལ་ཇི་དགོས་བསྐོ་བཞག་གནང་བཞིན་པ་ཡིན། ཆབ་རིལ་གྱི་ལས་འགན་ནི། ཚོགས་དང་ཆོས་རྭ་སྐབས་སྐོར་གཡེང་དང་། རྩེད་པ་ཡོང་མིན་ལ་ལྟ་རྟོག་ནན་མོ་བྱ་རྒྱུ། ཆོས་གྲྭའི་འགྲིག་རྟགས་སོགས་ལ་ཞིབ་བཤེར་གནང་རྒྱུ། ཆོས་གྲྭའི་བརྩི་བཞག་དང་སྲོད་ཆོས། གྲྭ་ཇ་ཚོགས་སྐབས་བཅས་སུ་མཁན་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུ་བྱ་དགོས་པ་དང་། གྲྭ་ཇའི་སྐབས་དགེ་འདུན་པ་རྣམས་གྲལ་དུ་བཞུགས་སྟངས་ལ་བཀོད་ཁྱབ།ཚོགས་སུ་གསོལ་ཇ་དང་བཞེས་ལག་དགེ་འདུན་པའི་ཚོགས་གྲལ་མཐའ་དཀྱིལ་བར་གསུམ་ལ་ཁེབས་མིན་ལྟ་རྟོགགཞན་ཡང་གྲྭ་མང་གཞུང་ཁྲལ་གཏོང་རྒྱུ་བཅས་ཡིན།
༄༅།། མཁས་མང་བློ་གསལ་བྱེ་བའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེ་མོའི་ཉིན་མཐའ་མའི་རྩོད་རྒྱུགས་དང་དེ་ནས་རྒྱུགས་བཞེས་བ་རྣམས་ལ་རྒྱུགས་སྤྲོད་ཚོགས་ཆུང་དང་དབུ་ཆོས་གསུམ་འཛིན་སྐྱོང་ཕྱག་མཛོད་ལྷན་ཁང་ནས་བཀའ་དྲིན་མཚོན་བྱེད་དུ་ཐུགས་རྗེ་ལེགས་འབུལ་དང་ཁ་བཏགས་ཨ་ཤེ་བཅས་གཡོགས་གནང་མཛད་ནས་ལོ་འཁོར་མོ་གཅིག་གི་ཆོས་གཟི་བརྗིད་ལྡན་པའི་རྒྱུགས་སྤྲོད་དེ་ལེགས་པ་གྲུབ་ཡོད།