The Tulku Association of Loseling has become more efficient since 1996. It started to receive and organize a number of teachings from His Holiness the Dalai Lama on sutra and tantra discourses. The principal objectives of the Tulku Association of …
སྤྱི་ལོ་ ༡༩༧༣ ལོར་རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་དཔེ་མཛོད་ཁང་གསར་བསྐྲུན་བྱས་པ་༧གོང་ས་མཆོག་སྐུ་དངོས་ཀྱིས་སྒོ་འབྱེད་བཀའ་དྲིན་ཆེ་ཞིང་། དཔེ་མཛོད་ཁང་འདི་ནས་བཀའ་བསྟན་འགྱུར་རོ་ཅོག་གི་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་། རྗེ་ཡབ་སྲས་གསུམ་གྱི་དབུས་སྐྱེས་ཆེན་དམ་པ་དུ་མའི་གསུང་འབུམ་མང་པོ་དང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་གཞན་ཡང་ཆོ་ག་ཕྱག་ལེན་འདྲ་མིན་གྱི་དཔེ གཟུགས་དང་། དེབ་གཟུགས་ཅི་རིགས་པ་གསར་བསྐྲུན་དང་། འགྲེམས་སྤེལ་བྱེད་བཞིན་པ་མ་ཟད། རང་ཁོངས་ཀྱི་དགེ་འདུན་པ་ལ་རིན་གོང་ཕྱེད་ཆག་གི་བླུ་ཡོན་གཏོང་བ་དང་། དེ་བཞིན་དཔེ་མཛོད་ཁང་ནས། རྒྱ་བོད་དབྱིན་གསུམ་གྱི་ཐོག་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས། ཆབ་སྲིད། སུམ་རྟགས་སྙན་ངག་བཅས་ཀྱི་དཔེ་དེབ་ཁག་དཔར་བསྐྲུན་དང་འགྲེམས་སྤེལ་བྱེད་བཞིན་པ་ལགས་སོ།།
སློབ་གཉེར་གནང་ཚུལ་ནི། བློ་འཛིན། དཔེ་ཁྲིད། རྩོད་པ། སྐྱོར་སྦྱོང་། ཕྱག་དཔེ་ཀློག་པ། གཞུང་ཆེན་བཤད་རེས་བཏང་བ། ཞར་བྱུང་སློབ་ཚན་བཅས་ཁག་བདུན་ཙམ་ཡོད། ཐོག་མར་རྒྱན་འཇུག་གཉིས་དང་། བསྡུས་གྲྭ་ནས་བཟུང་། བློ་འཛིན་བྱས་ནས། མཚན་ལྡན་དགེ་བའི་བཤེས་གཉེན་གྱི་དྲུང་དུ་བསྡུས་གྲྭ་དང་བློ་རིག་སོགས་ཀིྱ་དཔེ་ཁྲིད་ཞུས་ཏེ་རིགས་ལམ་གྱི་གནད་ལ་སྦྱངས་པ་ཆེར་བསྐྱེད་ཀྱིས་ཆོས་རར་འགྲིམས་ཏེ་རྩོད་པ་རྩོད་དགོས། ལོ་གཅིག་ཙམ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་རྩོད་རྒྱུགས་བཞེས་ཏེ། རིགས་ལམ་ཆགས་ཟིན་པ་མཚན་ཐོ་བཀོད་པ་དེ་རྟགས་རིགས་འཛིན་གྲྭར་སྤར་གནང་གི་ཡོད། དེ་ཁོངས་ནས་རིགས་ལམ་རྩེ་ཕུད་ཞིག་སྐྱོར་དཔོན་བསྐོས་ནས་དེ་ནས་རྟགས་གསལ་དྲག་རིམ་ཁག་གཅིག་ལ་མིང་གི་ཨང་རིམ་ཞིག་གནང་གི་ཡོད། །རྟགས་རིགས་འཛིན་གྲྭ་ནས། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཛད་པའི་རྟགས་རིགས་བློ་འཛིན། རྣམ་འགྲེལ་རྩ་བ་དང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་རྣམ་འགྲེལ་དགོངས་པ་རབ་གསལ། རང་རང་གི་དབང་པོ་རབ་འབྲིང་ལ་དཔག་སྟེ་བློ་འཛིན་དང་རྒན་སར་དཔེ་ཁྲིད་ཞུས་ཏེ། ཆོས་རར་འགྲིམས་ནས་རིགས་པས་བརྡར་ཤ་ཞིབ་པར་དཔྱོད་ཀྱི་ཡོད། རྟགས་རིགས་འཛིན་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་རྒྱུགས་ཚད་ལོན་ནས་གཞུང་གསར་འཛིན་གྲྭར་འཕར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་ལ་སློབ་གཉེར་བྱ་དགོས། དེ་ཡང་མི་ལོ་ཧྲིལ་པོ་བདུན་ཙམ་གྱི་རིང་ལ་རྒྱལ་བ་བྱམས་པས་མཛད་པའི་བྱམས་ཆོས་སྡེ་ལྔ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྡོམ་རྣམ་གཉིས་དང་། འགྲེལ་པ་དོན་གསལ་གཙོ་བོར་གྱུར་པའི་འཕགས་ཡུལ་པཎྜི་ཏ་རྣམས་ཀྱི་འགྲེལ་པ་རྣམས་དང་། རྗེ་བདག་ཉིད་ཆེན་པོའི་གསུང་ལེགས་བཤད་གསེར་གྱི་ཕྲེང་བ། ཀུན་གཞི་དཀའ་འགྲེལ། བློ་གསལ་བགྲོད་ པའི་ཐེམ་སྐས། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གསུང་རྣམ་བཤད་སྙིང་པོའི་རྒྱན། མཁས་གྲུབ་རྗེའི་གསུང་རྟོགས་དཀའི་སྣང་བ། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་གསུང་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། གཞུང་འདི་སློབ་གཉེར་བ་རྣམས་ཀྱིས་གཞུང་ཚན་བློ་འཛིན་བྱེད་དགོས། དེ་བཞིན། མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། ཕར་ཕྱིན་རྩ་ཊཱིཀ་ཀུན་བཏུས་དཀའ་འགྲེལ་སོགས་དགེ་བའི་བཤེས་གཉེན་གྱི་དྲུང་ནས་དཔེ་ཁྲིད་ཞུས་ཏེ་ཆོས་རའི་ནང་རྩོད་སྦྱོང་དཔྱིས་ཕྱིན་པར་གནང་བ་དང་ལོ་བདུན་གྱི་ཐ་མར་ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་ཐོབ་པ་ཡིན། དེ་ནས་ལོ་གསུམ་གྱི་རིང་། དབུ་མ་འཇུག་པ་རང་འགྲེལ་དང་བཅས། དབུ་མ་རྩ་ཤེ་གཙོ་བོར་གྱུར་པའི་རིགས་ཚོགས་རྣམས་དང་། དབུ་མ་ཚིག་གསལ། …
༡ དགའ་ལྡན་ཁྲི་ཐོག་བརྒྱད་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ།༢ དགའ་ལྡན་ཁྲི་ཐོག་བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ།༣ དགའ་ལྡན་ཁྲི་ཐོག་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ།༤ དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན།༥ དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ།༦ དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ།༧ དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་སྟོད་ལུང་ངག་དབང་ཆོས་གྲགས།༨ དགའ་ལྡན་ཁྲི་ཉི་ཤུ་པ་ཀོ་ཤྲཱི་ཆོས་གྲགས་བཟང་པོ།༩ དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་འོལ་དགའ་དགེ་ལེགས་དཔལ་བཟང་།༡༠ དགའ་ལྡན་ཁྲི་ཐོག་སོ་གཅིག་པ་འཇང་ཞབས་དམ་ཆོས་དཔལ་འབར།༡༡ དགའ་ལྡན་ཁྲི་ཐོག་སོ་བཞི་པ་གསལ་ཁང་སྐུ་སྐྱེ་ངག་དབང་ཆོས་ཀྱི་རྒྱལ་མཚན།༡༢ དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།༡༣ དགའ་ལྡན་ཁྲི་ཐོག་ང་དྲུག་པ་སྤོམ་འབོར་བློ་བཟ ང་དྲི་མེད།༡༤ དགའ་ལྡན་ཁྲི་ཐོག་ང་བདུན་པ་དབུས་སྟོད་བསམ་གཏན་ཕུན་ཚོགས།༡༥ དགའ་ལྡན་ཁྲི་ཐོག་རེ་གཉིས་པ་བྱང་ཆུབ་སེམས་དཔའ་བློ་བཟང་སྨོན་ལམ།༡༦ དགའ་ལྡན་ཁྲི་ཐོག་རེ་བདུན་པ་བཀའ་འགྱུར་ཀེའུ་ཚང་འཇམ་དབྱངས་སྨོན་ལམ།༡༧ དགའ་ལྡན་ཁྲི་ཐོག་དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ།༡༨ དགའ་ལྡན་ཁྲི་ཐོག་དོན་དྲུག་པ་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག༡༩ དགའ་ལྡན་ཁྲི་ཐོག་དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས།༢༠ དགའ་ལྡན་ཁྲི་ཐོག་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ།༢༡ དགའ་ལྡན་ཁྲི ཐོག་དགུ་བཅུ་པ་ཏྲེ་ཧོར་བྱམས་པ་ཆོས་གྲགས།༢༢ དགའ་ལྡན་ཁྲི་ཐོག་གོ་གཉིས་པ་གཙང་པ་ཐུབ་བསྟན་ཉིན་བྱེད།༢༣ དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན།༢༤ དགའ་ལྡ ན་ཁྲི་ཐོག་གོ་ལྔ་པ་མི་ཉག་བཀྲ་ཤིས་སྟོང་འདུས།༢༥ དགའ་ལྡན་ཁྲི་ཐོག་གོ་བདུན་པ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས།༢༦ དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མ།༢༧ དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་ལ་དྭགས་རི་རྫོང་སྲས་རིན་པོ་ཆེ་ཐུབ་བསྟན་ཉི་མ།
Geshe is an academic degree conferred to a monk who has completed studies of the five major Buddhist texts and who has done academic debate tours with the monastic college or within the monastic university colleges. There are four different …
མགོན་ཁང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྣང་བརྙན་བྱིན་ཅན་གཙོ་བོར་བཞུགས་སུ་གསོལ་བའི་གཡས་གཡོན་དུ་མགོན་ཆོས་བཞི་དང་། མགོན་པོ་ཞལ་བཞི། གནས་ཆུང་ཆོས་རྒྱལ་ཆེན་པོ། དགའ་གདོང་སོགས་བྱིན་རླབས་ཚན་ཁ་འབར་བའི་ཆོས་སྲུང་ཁག་གི་རྟེན་རྣམས་བཞུགས་སུ་གསོལ། མགོན་ཁང་དུ་དགེ་བཤེས་ཁག་གཅིག་དང་། མགོན་པོ་བ་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་སྔོན་དུ་བཏང་སྟེ་སྲུང་མ་རང་རང་གི་མངོན་རྟོགས་བཏོན་ཅིང་བཤགས་པ་དང་བསྐང་བ་ཉིན་གང་གྲངས་གསོག་གནང་སྟེ། གྲྭ་ཚང་འདི་ཉིད་ཀྱི་མཁན་ལས་ཟུར་དགེ་འདུན་དམངས་དང་བཅས་པའི་ཀློག་ པ་ཐོས་བསམ། སྤོང་བ་བསམ་གཏན། བཤད་སྒྲུབ་ལས་ཀྱི་འཁོར་ལོ་སོགས་ཆོས་མཐུན་གྱི་བྱ་བ་རྣམས་གེགས་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་བཅོལ་ཏེ་བསྟོད་ཚོགས་དང་ཉེར་བསྡུ། ཤིས་བརྗོད་ཀྱིས་བརྒྱན་ཏེ་གསོལ་མཆོད་གནང་གི་ཡོད། དེ་ཡང་རྒྱུད་སྟོད་སྨད་ཀྱི་ཁོངས་སོ་སོའི་དགེ་བཤེས་རྣམས་དང་མགོན་པོ་བ་ཚོས་ཉིན་བཅོ་ལྔའི་མཚམས་སུ་རེས་མོས་ཀྱིས་རྒྱུད་སྟོད་སྨད་སོ་སོའི་ཕྱག་སྲོལ་མ་འདྲེས་མ་ཉམས་པར་སྐྱོང་བཞིན་པ་ལགས་སོ།
ཕྱག་མཛོད་བསྐོ་བཞག་གནང་སྟངས་ནི། གོང་གསལ་དགེ་བསྐོས་ཀྱི་སྐབས་དང་འདྲ་བར་གྲྭ་ཚང་གི་དབུ་མ་འཛིན་གྲྭ་ཡན་ཚོགས་འདུ་བསྐངས་ཏེ་ཕྱག་མཛོད་ཀྱི་འོས་འགྲོའི་མཚན་ཐོ་བཟོས་གྲུབ་རྗེས་ཡང་བསྐྱར་གྲྭ་མང་ཚོགས་འདུ་སྐོང་བའི་ཐོག་ཕྱག་མཛོད་གསར་པ་བརྒྱད་ལས་མི་ཉུང་བ་ཞིག་གཏན་འབེབས་གནང་གི་ཡོད། འོན་ཀྱང་དེ་ལས་མང་བ་དགོས་གལ་བྱུང་ཚེ་འོས་གྲངས་འོག་མ་རྣམས་ཕྱག་མཛོད་བསྐོ་ཆོགཕྱག་མཛོད་གཏན་ཁེལ་བྱུང་རྗེས་ནང་ཁུལ་ནས་འོས་འདེམས་ཀྱིས་ཕྱག་མཛོད་ཁྲི་པ་བསྐོ་གཞག་བྱ་དགོས།ཕྱག་མཛོད་ཀྱི་ལོ་དུས་ནི་ལོ་གསུམ་ཡིན།ཕྱག་མཛོད་ཀྱི་འགན་བབ་ནི། གྲྭ་མང་གི་འཚོ་བའི་མཐུན་རྐྱེན་ཆེད་དཔའ་འབྱོར་འདུ་འགོད་དང་འཚོ་བའི་འགྲོ་གྲོན་ཐད་སྟངས་འཛིན། སྦྱིན་བདག་ཁག་ལ་འབྲེལ་ལམ་རྒྱུན་འཁྱོངས།གལ་ཆེའི་སྐུ་མགྲོན་ཁག་ལ་སྣེ་ལེན་མགྲོན་བསུ།གཞན་ཡང་ཕྱག་མཛོད་ཁང་གི་ཁྱབ་འོག་ཏུ་ཡོད་པའི་སྡེ་ཚན་ཁག་གི་འཛིན་སྐྱོང་སྟངས་འཛིན་དང་། གྲྭ་ཚང་གི་ལས་དོན་ཆེ་ཕྲ་ཅི་རིགས་ཀྱི་ཆེད་མཁན་རིན་པོ་ཆེ་དང་དབུ་ཆོས་གསུམ། ཁང་ཚན་རྒན་བཅས་ཚོགས་འདུ་བསྡུ་སྐོང་གནང་རྒྱུ་སོགས་ཡིན།་
༢༠༠༥ ལོར་གསར་དུ་བཞེགས་མགོ་ཚུགས་ཏེ་༢༠༠༧ ལོར་ལེགས་པར་གྲུབ་པའི་གཙུག་ལག་ཁང་དགེ་འདུན་པ་ལྔ་སྟོང་ཙམ་ཤོང་བའི་བརྗེད་ཉམས་ཅན་འདི་ཉིད་ཀྱི་ནང་གི་རྟེན་གཙོ་ནི། དབུས་སུ་བཞུགས་སུ་གསོལ་བའི་གསེར་ཟོངས་ལས་བྱས་པའི་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་སེང་གེའི་སྐུ་བརྙན་ཐོག་ཚད་མ་གཅིག དེའི་མདུན་དུ་བཞུགས་སུ་གསོལ་བའི་རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ། དེའི་གཡས་སུ་རྒྱུ་གསེར་ཟངས་ལས་ གྲུབ་པའི་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་བརྙན། དེའི་གཡས་སུ་རྒྱུ་དེ་མཚུངས་ཀྱི་དཔལ་མར་མེ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་སྐུ་བརྙན་དང་། དེའི་གཡས་སུ་འཇིགས་པ་བརྒྱད་སྐྱོབ་འཕགས་མ སྒྲོལ་མའི་སྐུ་བརྙན། གཡོན་དུ་རྒྱུ་གསེར་ཟངས་ལས་བྱས་པའི་འཇམ་དབྱངས་དགའ་བློའི་སྐུ་བརྙན། ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་གི་སྐུ་བརྙན། དེའི་གཡོན་དུ་རྒྱུ་དེ་མཚུངས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་བཅས་བཞུགས་པ་ལགས་སོ། །གཙུག་ལག་ཁང་གསར་པའི་མགོན་ཁང་དུ་སྨན་འདམ་ལས་གྲུབ་པའི་འཇིགས་བྱེད་ལྷ་བཅུ་གསུམ་དང་། འདོད་ཁམས་བདག་མོའི་སྐུ་བརྙན། རྒྱུ་གསེར་ཟངས་ལས་གྲུབ་པའི་མགོན་པོ་ཞལ་བཞི་པའི་སྐུ་བརྙན་བཅས་བཞུགས་སུ་གསོལ་ཡོད།
Practically, the students use six different methods to study the major Buddhist texts: memorization, instruction, debate, recitation, reading and discussion. They also study other subsidiary subjects.From the very beginning, students start memorizing the following root texts: Maitreya’s Ornament for Clear …