Just like the Disciplinarian, eight bursars (Chakzoes) are selected through election by the students of Madhyamika and above classes. No less than eight bursars are selected in each term. The term for the bursars is three years. The main responsibilities …
The teachings of the Buddha, in general, and the teachings of the Perfection Vehicle (Paramitayana), in particular, are studied in this monastic college. The root texts of the five major Buddhist texts, their commentaries and commentary’s commentaries of the two …
དབུ་མཛད་ནི་གྲྭ་ཚང་རང་གི་རྒྱུན་དུ་ཚོགས་དང་ཆོས་གྲྭ་སོགས་ཀྱི་སྐབས་འདོན་རྟ་དབྱངས་ཀྱི་རྐང་འགན་བཞེས་མཁན་ཟུར་དུ་འདོན་བཟང་སྐད་བཟང་ཟེར་བ་ཟུར་དུ་ཡོད་ཅིང་།དེ་དག་ནི་ཆོས་སྤྱོད་སོགས་བློ་འཛིན་ལེགས་ཤིང་།གསུང་གདངས་དང་ཞལ་འདོན་བཟང་ཞིང་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་ལ་རྒྱུས་མངའ་ཆེ་བ།མི་བབ་སོགས་ཡོན་ཏན་སྣེ་འཛོམས་པ་ཞིག་ལ་མཁན་རིན་པོ་ཆེ་མཆོག་ནས་དབུ་མཛད་བསྐོ་བཞག་བྱ་དགོས་པ་དང་།དུས་ཕྱིས་འགྱུར་བ་ཕྱིན་ཏེ་འདོན་བཟང་སྐད་བཟང་བ་རྣམས་ཀྱིས་འོས་འདེམས་ཐོག་གསུམ་ཙམ་ལ་གཏན་ཁེལ་བྱས་ཏེ་མགོན་ཁང་བ་རྣམས་ཀྱི་བསྐང་གསོ་སྐབས་ལྷ་སྲུང་མདུན་དུ་ཟན་བརྟག་སྒྲིལ་ཏེ་གཅིག་གཏན་ཁེལ་མཛད་རྗེས་ཁང་ཚན་དང་གྲྭ་ཚང་ནས་ཁྲི་སྟོན་མཛད་ཕྱོགས་གོང་གསལ་དགེ་བསྐོས་སྐབས་དང་གཅིག་མཚུངས་ཡིན།དབུ་མཛད་ཀྱི་ཕྱག་འགན་གཙོ་བོ་ནི།གྲྭ་ཇ་དང་ཆོས་གྲྭའི་སྐབས་གྲྭ་ཚང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞལ་འདོན་རྟ་དབྱངས་བཅས་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་།གཞན་འདོན་བཟང་བ་དང་སྐད་བཟང་བ་ཚོར་དབྱངས་སྦྱོང་རྒྱུགས་བཞེས་སོགས་ཀྱི་ཐད་མཛད་འགན་ཆེར་བཞེས་གནང་དགོས་པ་བཅས་ཡིན།དབུ་མཛད་ཀྱི་ལོ་དུས་ངེས་གཏན་མེད།
The Chant Master is directly appointed by the Khenpo. He must be of good voice, excellent in chants and well informed of the common and uncommon chants of the monastic college. He should possess qualities such as gracefulness. After appointment, …
The students of Madhyamika and above classes gather in the prayer hall and list the most deserving candidates for Disciplinarian. The monks again vote from the list. The votes are counted by the heads of Khangtsens and whoever gets the …
༄༅།། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནི།གྲྭ་ཚང་འདིའི་ཆོས་སྲིད་གང་ཅིའི་ཐོག་ནས་ཆེས་གལ་གནད་ཆེ་བའི་དབུ་ཁྲིད་ཅིག་ཡིན།མཁན་པོ་བསྐོ་བཞག་སྐབས་གྲྭ་ཚང་ཁོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་དགེ་བཤེས་གང་འཚམ་ཞིག་འཛིན་གྲྭ་དབུ་མ་ཡན་གྱི་སྔོན་འགྲོའི་འོས་བླུགས་ཏེ་འོས་མི་གང་འཚམས་ཤིག་གཏན་ཁེལ་བ་དང། སླར་ཡང་དགེ་འདུན་པ་ལོ་ན་བཅོ་བརྒྱད་ལོན་པ་ཡོངས་ཀྱིས་འོས་བླུགས་ཏེ་ཞལ་གྲངས་བཅུ་གཏན་ཁེལ་བྱས་མཚམས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོར་འོས་ཐོ་སྙན་ཞུ་ཕུལ་རྗེས་༧གོང་ས་མཆོག་ནས་བསྐོ་བཞག་གནང་གི་ཡོད།མཁན་པོ་བསྐོ་བཞག་གྲུབ་རྗེས་མཁན་པོའི་ཁྲི་སྟོན་གནའ་སྲོལ་ལྟར་བྱེད།མཁན་པོའི་དུས་ཡུན་ལོ་ཧྲིལ་པོ་དྲུག་གི་རིང་ཡིན། མཁན་པོའི་མཛད་འགན་ནི། སྤྱིར་གྲྭ་ཚང་ལ་ཆོས་སྲིད་གཉིས་ཐད་ནས་གལ་ཆེའི་གནང་སྒོ་ཁག་མང་པོ་ཞིག་ཡོད་ཀྱང་གཙོ་བོ་ཆོས་ཕྱོགས་སུ་ཆོས་ཐོག་ཁག་གི་ནང་བརྩི་བཞག་དང་། སྲོད་ཆོས་སྐབས་ལམ་རིམ་འཆད་སྤེལ།དགེ་བཤེས་བཀའ་རྒྱུགས་མིང་བཏགས་སོགས་དང་སྒྲིག་ཁྲིམས་ལེགས་སྤེལ་ཉེས་འགོག་གནང་རྒྱུ། སྲིད་ཕྱོགས་ནས་གྲྭ་ཚང་གི་མཚན་གནས་དང་འབྲེལ་བའི་གལ་ཆེའི་ཚོགས་འདུ་ཁག་དང་།གཞན་ཡང་གྲྭ་ཚང་ཆེད་ཕྱིའི་རྒྱལ་ཁབ་རྣམས་ལའང་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ཀྱི་ཆེད་ཕེབས་བཞུད་གནང་དགོས་པ་བཅས་ཡིན། གྲྭ་ཚང་འདིའི་བླ་མ་གཞུང་ལེན་པ་དང་།དགེ་བསྐོས།དབུ་མཛད་གསུམ་ལ་དབུ་ཆོས་གསུམ་ཞེས་བརྗོད་ཅིང་། དུས་འགྱུར་མ་བྱུང་གོང་དབུ་ཆོས་གསུམ་གྲྭ་ཚང་གི་མཁན་པོ་སུ་ཡིན་གྱིས་ཐད་ཀར་བསྐོ་བཞག་བྱེད་པའི་ལུགས་སྲོལ་ཡོད། དེང་སྐབས་གྲྭ་ཚང་གི་དགེ་བསྐོས་གྲྭ་མང་གིས་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་སྲོལ་གསར་པ་བྱུང་བ་དང་། དབུ་མཛད་ཀྱང་རིམ་བཞིན་འགྱུར་བ་ཕྱིན་ཏེ་འདོན་བཟང་སྐད་བཟང་བ་རྣམས་ཀྱིས་འདེམས་སྒྲུག་གིས་མགོན་ཁང་དུ་སྲུང་མའི་མདུན་དུ་ཟན་བརྟག་སྒྲིལ་ཏེ་གཏན་ཁེལ་མཛད་དགོས། བླ་མ་གཞུང་ལེན་པ་བསྐོ་གཞག་གནང་ཚུལ་ནི་ད་དུང་སྔར་བཞིན་མཆིས་སོ།།
རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཁྱུར་མིད་གཏོང་ཆེད་ཕྱི་ལོ་(༡༩༥༩)ལོ་མེ་མདའི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་རྒྱལ་ས་ལྷ་ལྡན་དུ་བཙན་འཛུལ་ཁྲག་དྲི་བྲོ་བ་བྱས་རྗེས།༧གོང་ས་མཆོག་སྟོན་འཁོར་མདོ་ཁམས་བསྟན་སྲུང་དང་བླངས་དམག་གི་སྲུབ་སྐྱོབ་ཀྱིས་འཕགས་ཡུལ་ཆོས་ཀྱི་ཞིང་སར་ཆིབས་བསྒྱུར་བསྐྱངས་དགོས་བྱུང་། སྐབས་དེར་བོད་ས་སྟོད་སྨད་བར་གསུམ་ནས་རིམ་པ་བཞིན་༧གོང་ས་མཆོག་གི་ཆིབས་རྗེས་འབྲངས་པའི་བོད་རིགས་མང་པོ་ཡུལ་རྒྱ་གར་གྱི་ལམ་བུར་ཞུགས།དེ་དག་ལས་ཆོས་ལུགས་རིས་མེད་ཀྱི་སེར་མོ་བ་(༡༥༠༠)འདེམས་སྒྲུག་གིས་རྒྱ་གར་ཤར་ཕྱོགས་ནུབ་བྷང་ག་ལའི་མངའ་སྡེའི་ཁོངས་སྦག་ས་ཞེས་ནགས་ཀླུང་སྟུག་པོའི་གནས་དེར་བསྟན་པ་སླར་གསོའི་ཆེད་ཐོག་མར་༼སྦག་ས་ནང་བསྟན་ཆོས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་༽ཞེས་པ་གསར་འཛུགས་གནང་།བློ་གླིང་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་མཆོག་གིས་སྦག་སའི་རིས་མེད་ཆོས་སྡེ་སྤྱི་དང་ལྷག་པར་བློ་གླིང་གྲྭ་ཚང་གི་དགེ་འདུན་པ་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞིག་གི་ཐོས་བསམ་སློབ་གཉེར་དང་འཛིན་སྐྱོང་གི་ཐུགགས་འགན་རླབས་ཆེན་བཞེས་ཏེ།ཀ་སྦུག་རྡོ་པར་འཕྲུལ་ཆས་ཉོ་སྒྲུབ་ཀྱིས་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་དང་།གཞན་ཡང་རྗེའི་ལྟ་བའི་ལེགས་བཤད་སྐོར་གྱི་ཕྱག་དཔེ་མང་པོ་དཔར་བསྐྲུན་བྱས།ཕྱི་ལོ་(༡༩༦༦)ལོར་སྦག་སའི་རིས་མེད་ཆོས་སྒར་དེ་དེང་དུས་ཀྱི་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་ཏེ།བོད་ཀྱི་ཐུན་མོང་རིག་གནས་དང་གཞུང་ཆེན་བཀའ་པོད་ལྔར་འཛིན་གྲྭ་ཁག་བགོས་ཀྱིས་སློབ་ཁྲིད་དང་སློབ་གཉེར་གནང་ཡང་།དེང་རབས་ཀྱི་སློབ་སྦྱོང་གི་རྣམ་པ་དེ་ཙམ་གྱིས་སྔར་གྱི་གདན་ས་ཁག་གི་རྩོད་ཟླ་སྒྲིག་པའི་ཕྱག་སྲོལ་གྱི་ལམ་ནས་གཞུང་དོན་གཏན་ལ་འབེབས་པ་ཇི་ལྟ་བུ་ཞིག་ཡོང་མི་ཐུབ་པའི་ཉམས་མྱོང་ར་འཕྲོད་བྱུང་རྗེས།དེང་ལུགས་ཀྱི་སློབ་གཉེར་རྣམ་པ་དེ་ཡང་བསྒྱུར་ཏེ་བོད་ཀྱི་གདན་སའི་སློབ་གཉེར་གནང་སྟངས་སྔར་སྲོལ་ལྟར་བསྐྱངས། སྦག་སའི་རང་བྱུང་གི་ཚ་བ་ཆེ་བའི་རྐྱེན་གྱིས་ས་ཆུ་མི་འཕྲོད་པར་དགེ་འདུན་པ་མང་པོ་འདས་གྲོངས་དང་།རྒྱ་གར་བྱེས་འབྱོར་པའི་ཁོངས་ཀྱི་གྲྭ་རྒྱུན་གསར་ཞུགས་མེད་པ།རྒྱ་གར་གཞུང་གི་སྐྱོབ་གསོ་མ་གཏོགས་འཚོ་བའི་གཞི་རྩ་མེད་པ་ཅས་ཀྱིས།ཕྱིལོ་(༡༩༦༩)ལོར་སྦག་སའི་ཆོས་སྒར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊཀ་མངའ་སྡེར་སྤོ་སྐབས་གདན་ས་དགའ་འབྲས་གཉིས་མོན་གྷོ་ཊིར་སྤོས་ཏེ་དང་ཐོག་མཉམ་སྡོད་གནང་།ཕྱི་ལོ་(༡༩༧༡)ལོར་གདན་ས་དགའ་འབྲས་གཉིས་ས་བགོས་ཀྱིས་སྒོ་བློ་གཉིས་ཀྱིས་སོ་སོའི་འཕྲལ་སེལ་འདུ་ཁང་བཞེངས་འགོ་ཚུགས་པའི་བརྒྱུད་རིམ་ནང་དགེ་འདུན་པ་རྣམས་ཀྱིས་ཉིན་མོར་ཁང་ལས་དང་མཚན་མོར་ཆོས་གྲྭ་ཚུགས་ཏེ་ཐོས་བསམ་སློབ་གཉེར་འཕྲོ་ལུས་མེད་པ་གནང་ཡོད།ཕྱི་ལོ་(༡༩༧༠)ནང་ཚུལ་ཁང་མཁན་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་མཆོག་མཁན་པོ་ལས་ཐོག་སྐབས་གྲྭ་ཚང་གི་འཆད་ཉན་གོང་འཕེལ་དང་།ཕྱག་མཛོད་དང་ཞིང་འབྲོག་སོགས་འཛིན་སྐྱོང་གི་ལས་འགན་ཁག་བགོས།གྲྭ་ཚང་གི་འདུ་ཁང་དང་ཆོས་རྭ་གཅིག་ལྕོགས་གསར་བཞེངས་བཅས་ཀྱི་ཐད་ཐུགས་འཁུར་བླ་མེད་པ་གནང་།སྐབས་དེའི་གྲྭ་ཚང་གི་འདུ་ཁང་ནང་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མ་རིན་ཕྲེང་མ་གཏོགས་པའི་རིགས་ཚོགས་ལྷག་མའི་བཤད་ལུང་དང་། ཡོངས་འཛིན་གླིང་རིན་པོ་ཆེས་ལམ་རིམ་ཆེན་མོ།ལེགས་བཤད་སྙིང་པོ།བློ་སྦྱོང་ཉི་མའི་འོད་ཟེར།འཇིགས་བྱེད་ཐེམ་སྐས་བཅུ་གསུམ་བཅས་ཀྱི་བཀའ་ཁྲིད།ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད།ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་གྱིས་དབུ་མའི་བཀའ་ཁྲིད།ལྡན་མ་བློ་ཆོས་རིན་པོ་ཆེས་རྡོ་རྗེ་ཕྲེང་བའི་བཀའ་དབང་ཆ་ཚང་།སྤང་ནང་རིན་པོ་ཆེས་བསྟན་འགྱུར་ལྗགས་ལུང་དང་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད།ཀིརྟིའི་མཚན་ཞབས་རིན་པོ་ཆེས་མེེེེེ་ཏྲི་བརྒྱ་རྩའི་བཀའ་དབང་བཅས་གནང་བར་བྱིན་རླབས་ཀྱི་ཚན་ཁ་ཀུན་ཏུ་འབར། དེ་ནས་རིམ་བཞིན་གྲྭ་ཚང་གི་འདུས་མང་ཇེ་རྒྱས་སུ་སོང་སྟེ་སྔར་གྱི་འདུ་ཁང་ནང་ཤོང་དཀའ་བར་གྱུར་སྟབས།ཕྱི་ལོ་(༡༩༨༥)ནས་ཨར་ལས་ཚོགས་པ་ཟུར་འཛུགས་ཀྱིས་འདུ་ཁང་གསར་བཞེངས་་འགོ་བརྩམས་ཤིང་ཚུལ་ཁང་མཁན་ཟུར་རིན་པོ་ཆེས་ཐུགས་འཁུར་གཙོ་བཞེས་ཐོག་ཕྱི་ལོ་(༡༩༨༧)ལོར་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་།མཁན་རིན་པོ་ཆེ་ཏྲེ་ཧོར་རྒན་བློ་བཟང་ཉི་མ།མཁན་རིན་པོ་ཆེ་དཔེ་ཐུབ་ལ་དྭགས་རི་རྫོང་སྲས་རིན་པོ་ཆེ་ཐུབ་བསྟན་ཉི་མ།མཁན་རིན་པོ་ཆེ་ཚུལ་ཁང་རྒན་དཀོན་མཆོག་དབང་འདུས།མཁན་རིན་པོ་ཆེ་ཚུལ་ཁང་རྒན་དཀོན་མཆོག་དཔག་བསམ།མཁན་རིན་པོ་ཆེ་གོ་བོ་རྒན་བློ་བཟང་རྒྱ་མཚོ།མཁན་རིན་པོ་ཆེ་ཉག་རེ་རྟོགས་ལྡན་རིན་པོ་ཆེ། ད་ལྟའི་མཁན་རིན་པོ་ཆེ་སྤོམ་ར་རྒན་བློ་བཟང་ཡེ་ཤེས་བཅས་ཀྱི་མཁན་ཐོག་རིང་།གཞིས་ལུས་བོད་གངས་ཅན་ལྗོངས་དང་།གཞན་ཡང་བྱེས་འབྱོར་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས།ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ནས་གྲྭ་ཚང་འདིར་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་གྲྭ་རྒྱུན་རབ་ཏུ་འཕེལ་བ་མ་ཟད་གོང་གསལ་མཁན་ཐོག་སོ་སོའི་རིང་གྲྭ་ཚང་གི་ཆོས་སྲིད་མཛད་འགན་ཚགས་ཚུད་བྱུང་བའི་ཉེར་ལེན་ལས་གྲྭ་ཚང་འདི་ནས་མིང་དོན་མཚུངས་པའི་དགེ་བཤེས་ཆེ་ཆུང་མང་རབ་ཕེབས་ཐོན་བྱུང་ཡོད་པ་མཐོང་ཆོས་སུ་ཡོད་པ་འདི་ཡིན། སྟོང་ལོ་གསར་པ་ཚེས་པ་ནས་བཟུང་གྲྭ་ཚང་གི་འདུས་སྡེ་རབ་ཏུ་འཕེལ་ཏེ་གྲྭ་ཇའི་ཚོགས་རྒྱས་སྐབས་དགེ་འདུན་པ་རྣམས་འདུ་ཁང་དུ་མ་ཤོང་བར་ཆོས་རྭའི་ནང་བཞུགས་དགོས་པ་དང་།གཞན་ཡང་༧གོང་ས་མཆོག་གྲྭ་ཚང་དུ་ཕེབས་སྐབས་ཤིག་ལ་འདུ་ཁང་ཆུང་སྐྱོན་གྱི་བཀའ་ཕེབས་བཞིན་འདུ་ཁང་་རྙིང་པ་རྒྱ་བསྐྱེད་དམ་གསར་བཞེང་གང་ལེགསཀྱི་ཐུགས་བརྟག་ཕུལ་བར་གཙུག་ལག་ཁང་གསར་བཞེངས་ལེགས་པའི་བཀའ་གསུང་སྤྱི་བོར་ཕེབས།ཕྱི་ལོ་(༢༠༠༥)ལོར་ཨར་ལས་ཚོགས་ཆུང་བསྐོ་བཞག་གིས་འདུ་ཁང་གསར་བཞེངས་དབུ་ཚུགས་ཏེ།ཕྱི་ལོ་(༢༠༠༧)ནང་འདིར་དགེ་འདུན་པ་ལྔ་སྟོང་ཙམ་ཤོང་བའི་གཙུག་ལག་ཁང་འདི་ཉིད་ལེགས་པར་གྲུབ་པ་ཡིན།ད་ལྟའི་ཆར་གྲྭ་ཚང་དུ་དགེ་འདུན་པ་སུམ་སྟོང་ལྷག་འཕེལ་བསྐྱེད་བྱུང་སྟེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་དུས་འདའ་བཞིན་པ་ལགས་སོ།།
The Khenpo directly appoints an elder Geshe as the Lama Zhunglenpa, who is well informed of the responsibilities of the Khenpo. His enthronement ceremony is traditionally celebrated in his Khangtsen (a regional division in a monastic college). The term of …
མཁན་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ཀྱི་མཁྱེན་ཚད་ལྡན་ཞིང་ཆོས་ཐོག་སོ་སོའི་སྐབས་ཀྱི་ཁུར་འཁྲིའི་ལས་དོན་ལ་རྒྱུས་མངའ་ཆེ་བའི་དགེ་བཤེས་རྒན་པ་ཞིག་བླ་མ་གཞུང་ལེན་པར་བསྐོ་བཞག་བྱས་རྗེས། རང་ཁོངས་ཁང་ཚན་ནང་གཞུང་ལེན་པའི་ཁྲི་སྟོན་མཛད་སྒོ་སྔར་སྲོལ་ལྟར་བསྐྱང་དགོས་པ་ཡིན། བླ་མ་གཞུང་ལེན་པའི་ལོ་དུས་ལ་གཏན་འབེབས་ཚད་འཛིན་མེད། མཛད་འགན་ནི།འབྲས་སྤུངས་བ་ཡོངས་ཀྱིས་རྒྱུན་དུ་གཞི་གསུམ་གྱི་ཉམས་ལེན་འགན་དབང་རྐང་བཞེས་ཐོག་ཆོས་གྲྭ་ཚོགས་སྐབས་བརྩི་བཞག་དགོས་པ་དང་། སྲོད་ཆོས།ཚོགས་ལངས།དགེ་བཤེས་ཆུང་ཁག་གི་མཛད་རིམ་བཅས་མི་ཉམས་རྒྱུན་འཛིན་གནང་དགོས་པ་མ་ཟད་གྲྭ་ཚང་གི་ཆོས་སྲིད་ལ་སྨན་པའི་ཚོགས་འདུ་རྒྱས་བསྡུས་ཀྱི་སྐབས་གང་ཡིན་ལ་ངེས་ཕེབས་ཐོག་འགན་ཆེར་བཞེས་གནང་རྒྱུ་བཅས་ཡིན།
བོད་དུ་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གི་འདྲ་དཔར། ལང་ཀར་གཤེགས་པའི་མདོ་རྒྱ་ནག་འགྱུར་ལས།བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་་བ་མོངྒལ་གྱི་བུ་ལ་གནང་ནས།འདི་ཁྱེད་ཀྱིས་འགོག་པ་རིར་གཏེར་དུ་སྦོས་ཤིགམ་འོངས་པ་ན་དགེ་སློང་པདྨའི་ངད་ལྡན་འདིས་གཏེར་ནས་འདོན་པས་དེའི་ཚོགས་དུང་དུ་འགྱུར་གྱི་གཏེར་བདག་སྤྲེའུའི་གཟུགས་ཀྱིས་གནས་བྱེད་དོ།། ཞེས་ལུང་གིས་བསྔགས་པ་ལྟར།བོད་རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ་ (༡༣༧༩) ལོར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཉེ་འགྲམ་དུ།མི་དབང་གྲགས་པ་རྒྱལ་མཚན་པའི་ཡིག་མཁན་གྱི་སྲས་སུ་འཁྲུངས་པ།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཞེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་འཕྲིན་ནམ་མཁའ་ལྟར་ཡངས་པའི་བུ་ཆེན་བཞིའི་ནང་ཚན་ཁོང་གིས་དན་འབག་ཕྱོགས་སུ་དགོན་པ་བཏབ་ན་ལེགས་པའི་མཚན་ལམ་བྱུང་བ་དགའ་ལྡན་དུ་རྗེ་བླ་མར་ཞུས་སྐབས། རྗེ་བླ་མས་ཁྱེད་ཀྱིས་དགོན་པ་འདེབས་ན་མ་ལས་བུ་རྒྱས་པ་ཡོང་གསུངས་ཏེ།རྗེ་བླ་མ་རང་གིས་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་ཁྱད་པར་ཅན་བསྩལ་བ་དང་།དགོན་པའི་རྨང་འདིང་བའི་ས་ཐིག་སོགས་ཀྱང་རྗེ་ཙོང་ཁ་པ་དངོས་ཀྱིས་ཞལ་བཀོད་གནང་བ་ལྟར།བོད་རབ་བྱུང་བདུན་པའི་མེ་སྤྲེལ་ (༡༤༡༦) ལོར་སྣེའུ་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་ཏེ།ཆོས་སྡེ་འདིར་ཐོས་བསམ་ལ་གཞོལ་བའི་འདུས་སྡེ་རབ་ཏུ་འཕེལ་བས།མཁན་ཆེན་དཔལ་ལྡན་སེང་གེ་སོགས་ཆོས་རྗེ་རང་གི་སློབ་མའི་གཙོ་བོ་བདུན་འཆད་ཉན་པར་བསྐོས་པ་རྣམས་ཀྱིས་སོ་སོར་འཆད་ཉན་གནང་བར་བརྟེན་བློ་གླིང་།སྒོ་མང་།བདེ་ཡངས།ཤག་སྐོར།ཐོས་བསམ་གླིང་ངམ་རྒྱལ་བ།འདུལ་བ།སྔགས་པ་གྲྭ་ཚང་བཅས་གྲྭ་ཚང་བདུན་བྱུང་།འཆད་ཉན་པ་བདུན་གྱི་ནང་ཚན་མཁན་ཆེན་ལེགས་ལྡན་པས་འཆད་ཉན་མཛད་པས།འཆད་ཉན་པ་གཞན་རྣམས་ལས་སློབ་ཚོགས་མང་དུ་འདུས་ཏེ་བཤད་སྒྲུབ་འཆད་ཉན་འཕེལ་ཞིང་།སྡེ་བ་སྣེའུ་བ་སོགས་བསྟན་པའི་སྦྱིན་བདག་དུ་མའི་མཐུན་རྐྱེན་ལ་བརྟེན་ནས་གྲྭ་ཚང་ཟུར་འཛུགས་གནང་། གཞུང་ལུགས་རབ་འབྱམས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་བློ་གསལ་བ་ཤིན་ཏུ་མང་པོ་བྱུང་བས་མཁས་མང་བློ་གསལ་བྱེ་བའི་གླིང་ཞེས་གྲྭ་ཚང་གི་མཚན་དོན་དང་མཐུན་པར་ཐོག་མར་བྱུང་།བློ་གླིང་མཁན་ཐོག་བདུན་པ་ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཞེས་མཁྱེན་རབ་དང་མཛད་འཕྲིན་ཕུལ་དུ་བྱུང་བ་ཁོང་གི་དགག་བཞག་སྤོང་གསུམ་གྱི་རྒྱས་བཏབ་པའི་ལེགས་བཤད་མང་པོ་ལྗགས་རྩོམ་མཛད་པ་གྲྭ་ཚང་གི་ཡིག་ཆར་བཟུང་།ལྷག་པར་ཐམས་ཅད་མཁྱེན་པ་དགེ་བདུན་རྒྱ་མཚོའི་བཀའ་ལྟར་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེ་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ།མདོ་སྔགས་གཞུང་ཆེན་ཁག་གི་ལེགས་བཤད་པོད་བཅུ་བཞིར་ལོངས་པ་བརྩམས་ཤིང་འཆད་ཉན་གྱི་སྲོལ་བཙུགས་པ་ནས་ད་ལྟའི་བར་གསུང་གི་འཕྲིན་ལས་ནུབ་པ་མེད་འདི་ཉིད་ཡིན་ལ།དུས་ཕྱིས་༧གོང་་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་སྐུ་དངོས་ཀྱིས་རྒྱུད་སྟོད་སྨད་ཀྱི་ཁྲི་ལ་ཕེབས་ཟིན་པའི་མཁན་བླ་ནས་བཟུང་གདན་ས་གསུམ་གྱི་དགེ་བཤེས་རྣམས་ལ་རྒྱུགས་ཞིབ་གནང་བའི་ཁྲོད་དགེ་བའི་བཤེས་གཉེན་ཆེན་པོ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་མཆོག་ཨང་དང་པོ་ཕེབས་ཐོན་བྱུང་བ་ནས་བཟུང་གྲྭ་ཚང་འདི་ནས་སྔར་དང་མི་འདྲ་བར་དགའ་ལྡན་ཁྲི་པ་དང་ཤར་བྱང་གི་ཆོས་རྗེ་ཟམ་མིཆད་པར་འབྱུང་བའི་རྟེན་འབྲེལ་གྱི་གནད་མ་བསྒྲིགས་རང་འགྲིག་ཏུ་གྱུར་ཡོད།