བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༩ ཚེས་ ༦ ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོར་ཁྲི་ཟུར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་ཕྱག་མཛོད་རྣམ་པ། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོས་ས་གནས་འགན་འཛིན་མཆོག་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ་བཅས་ནས་དགའ་ལྡན་བླ་སྤྱི་དང་ཁྲི་ཐོག་ཁང་གཉིས་ལ་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་རབས་ ༡༠༣ ལ་མངའ་གསོལ་བའི་ཁྲི་སྟོན་མཛོད་སྒོ་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཟབ་རྒྱས་ཤིག་ཕུལ་གནང་བ་དང་། ཕྱི་ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་གཙོས་རྒྱལ་སྲས་བློ་སྤྲུལ་ཁག་དང་དབུ་ཆོས་རྣམ་པ། འདུས་མང་བཅས་ནས་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཕེབས་སྟོན་མཛད་སྒོ་གནང་བ་བཅས།
༄༅། །སློབ་དཔོན་ཆེན་པོ་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལུགས་གཉིས་ལ་གཞལ་དཀའ་བའི་བཀའ་དྲིན་བསྐྱངས་གནང་མཛད་པར་བཀའ་དྲིན་རྗེས་དྲན་དང་། འབྱུང་འགྱུར་རླབས་ཆེན་གྱི་མཛད་པ་ཅི་མཆིས་འགལ་མེད་ལམ་ལྷོངས་ཡོང་བའི་སྨོན་མདུན་དང་། དེ་རིང་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཕྱི་ལོ་༢༠༡༦ ཟླ་བ་ ༡༡ ཚེས་ ༥ ཉིན་སྐྱབས་རྗེ་གང་ཉིད་ཀྱི་སྐུ་ཡི་འཁྲུངས་ཚེས་ལ་འབྲས་བློ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་རིན་པོ་ཆེ་ལ་སྙིང་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། འབྲས་བློ་གླིང་ཕྱག་མཛོད་ཁང་ནས་ཕྱི་ལོ་༢༠༡༦ཟླ་བ་༡༡ཚེས་༠༥ https://photos.google.com/photo/AF1QipPim7tzD8xHysuhTnx6rZMoTJoGSY9W0fTmanWP
The great Je Jamyang Choeje Tashi Palden, a chief disciple of the Great Je Tsongkhapa, founded Drepung Monastery in 1416 AD, and since then it has been an elite Center for Advanced Budddhist Studies and Practice attracting aspirant monks from …
འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་༧རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ་གང་ཉིད་ཀྱིས་དཔལ་ན་ལེནྜ་གཉིས་པ་ཞེས་སྲིད་པ་གསུམ་ན་སྙན་པའི་གྲགས་པ་བླ་ན་འབར་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སློབ་གཉེར་གྱི་གདན་ས་ཆེན་མོ་འདི་ཉིད་ཕྱག་བཏབ་ནས་མི་ལོ་༦༠༠ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་གྲྭ་ཚང་ཤར་ནུབ་གཉིས་ཟུང་འབྲེལ་གྱིས་བགྲོ་གླེང་དང་བྱེད་སྒོ་སྣ་ཚོགས་ཤིག་གོ་སྒྲིག་ཡོད་པའི་ཆ་ཤས། དེ་རིང་རེས་གཟའ་ཉི་མའི་དགོང་དྲོར་དཔལ་ལྡན་མཁས་མང་བློ་གསལ་བྱེ་བའི་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་ནང་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དབུས་པའི་གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁན་ལས་ཟུར། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། རྒྱལ་སྲས་བླ་སྤྲུལ་ཁག་འཕགས་ཚོགས་འདུས་པ་རྒྱ་མཚོ་བཅས་གདན་འཛོམས་པའི་ཐོག དཔལ་ལྡན་སྒོ་མང་གྲྭ་ཚང་གི་འདི་ལོའི་དགེ་བའི་བཤེས་ལྷ་རམས་པ་རྣམས་དམ་བཅའ་བཞུགས་ཏེ། དཔལ་ལྡན་མཁས་མང་བློ་གསལ་བྱེ་བའི་གསལ་གླིང་གྲྭ་ཚང་གི་སློབ་གཉེར་བ་ཚོས་གཞུང་ཆེན་དབུ་ཕར་གཉིས་དང་། ཚད་མ་རྣམ་འགྲེལ་བཅས་ལ་རིགས་པའི་ལམ་ནས་རྟགས་བསལ་བཏང་སྟེ་མཚན་ཕུད་དམ་བཅའ་ལེགས་པར་གྲུབ་ཡོད།
This week from October 18th to 22nd October, we have one of the most important academic curriculum of the year– the famed Zin Thangpo Thokchoe or Deliberative discussion of Class one. This annual interactive discussion, attended by great scholars especially …
༄༅། །མཁས་མང་བློ་གླིང་གྲྭ་ཚང་གི་འཛིན་དང་པོའི་དོགས་གཅོད་ཐེངས་གཉིས་པ། བོད་རབ་བཅུ་བདུན་པའི་མེ་སྤྲེལ་བོད་ཟླ་ ༠༨ བོད་ཚེས་ ༡༨ དང་སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡༠ སྤྱི་ཚེས་ ༡༨ ནས་ཉིན་བཞིའི་རིང་གཙུག་ལག་ཁང་གསར་པའི་ནང་དུ་འཛིན་དང་པོའི་དོགས་གཅོད་ཚོགས་ཤིང་། བློ་གླིང་གྲྭ་ཚང་གི་སྔོན་བྱོན་སྐྱེས་མཆོག་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་ཐུག་ཡོད་པའི་མཁས་པའི་ དབང་པོ་ཚོའི་བཞེད་སྲོལ་འཛིན་དང་པོའི་དོགས་གཅོད་ལོ་སྟར་ཆགས་ཚོགས་བཞིན་པ་དེ། དགེ་ བཤེས་ལས་ཐོག་ཚོས་འགན་འཁུར་འོག་དབུ་མ། ཕར་ཕྱིན། དྲང་ངེས་ལེགས་བཤད་སྙིང་པོ། བཅས་ལ་དོགས་གཅོད་ཚོགས་བཞིན་ཡོད་ཅིང་།དོགས་གཅོད་ཚོགས་སྐབས་གྲྭ་ཚང་གི་མཁན་ཟུར་དང་།དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་གདན་འཛོམས་པའི་དབུས་སུ།དོགས་གཅོད་ཉིན་ལྔའི་རིང་གནང་གི་ཡོད། དབུ་མའི་སྐབས་དབུ་མ་དགོངས་པ་རབ་གསལ་གཙོ་བོར་བཟུང་སྟེ། རྗེ་ཡི་གསུང་དབུ་མའི་གཞུང་ཆེན་ཁག་གི་དཀའ་གནད་དང་འགལ་འདུ་ཁག་དབུ་མ་འཛིན་གྲས་དོགས་འདྲི་ཞུས་མཚམས།མཁས་དབང་དཔེ་ཁྲིད་རྒན་སུས་བཀའ་ལན་གནང་ཀྱང་། དེ་ལ་དོགས་འདྲི་ཞུ་བ་པོ་དང་དེའི་གཙོས་དབུ་མ་འཛིན་འཛིན་གྲྭའི་སློབ་གཉེར་བ་ཚོས་རིགས་ལམ་ཐོག་དགག་གཞག་གི་རྩོད་གླེང་ཉིན་གཉིས་རིང་གནང་དགོས་ཤིང་།ཕར་ཕྱིན་སྐབས་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཙོ་བཟུང་གིས་ཉིན་གཉིས་རིང་དང་། དྲང་ངེས་ལེགས་བཤད་སྙིང་པོ་ལ་ཉིན་གཅིག་རིང་དོགས་གཅོད་གནང་དང་གནང་བཞིན་པ་བཅས།
As a part of our endeavour to make a small contribution in advancing His Holiness the Dalai Lamas vision of spreading genuine awareness about Buddhism and thereby enhancing a world of peace and harmony, Venerable Geshe Lharampa Dhamchoe Gyaltsen( Acting …
གནའ་དེང་གི་གཙུག་ལག་རིག་གནས་ཙམ་དུ་མ་ཟད་ཚན་འཕྲུལ་རིག་རྩལ་སོགས་ལ་གཟིགས་རྒྱ་ཤིན་ཏུ་ཆེ་བའི་འབྲས་བློ་གླིང་ཁྲིམས་བདག་དགེ་བསྐོས། ལྷ་རམ་པ་དམ་ཆོས་རྒྱལ་མཚན་མཆོག༢༠༡༦ / ༡༠/ཚེས་༡༧/རེས་གཟའ་ཟླ་བ་ཉིན། གུང་གསེང་དང་སྟབས་བསྟུན་ནས་མོན་གྷོ་འབྲིང་རིམ་གཏན་ཉིན་སློབ་གྲྭའི་སློམ་མ་རྣམས་ལ་འཛམ་གླིང་སྤྱིའི་བདེ་དོན་དེ་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ལ་རག་ལས་པ་༧ལྷ་མི་རྣམ་འདྲེན་རྒྱལ་བའི་དབང་པོ་མཆོག་གིས་གསུངས་ཡོད་སྟབས། ང་ཚོའི་བོད་ཀྱི་མ་འོངས་སོན་རྩ་ད་ཡོད་ཀྱི་སློབ་མ་ཚོས་དེའི་ཐོག་ཏུ་བཅོས་མིན་གྱི་འགན་འཁྲི་དམིགས་བསལ་ལེན་དགོས་ཚུལ་དང་འབྲེལ་ཏེ། དེང་དུས་སྤྱི་ཚོགས་སུ་ཡ་རབ་བཟང་སྤྱོད་ཀྱི་དམིགས་དཔེ་ཇི་ལྟར་འཇོགས་དགོས་ཚུལ་ལས་འཕྲོས་ཏེ་གནད་དུ་སྨིན་པའི་དུས་ལས་གཡོ་བ་མེད་པའི་ཆར་ཆུ་ལྟར་ལམ་སྟོན་བཀའ་སློབ་ཟམ་པོ་གནང་ཡོད
འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་༧རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ་གང་ཉིད་ཀྱིས་དཔལ་ན་ལེནྜ་གཉིས་པ་ཞེས་སྲིད་པ་གསུམ་ན་སྙན་པའི་གྲགས་པ་བླ་ན་འབར་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སློབ་གཉེར་གྱི་གདན་ས་ཆེན་མོ་འདི་ཉིད་ཕྱག་བཏབ་ནས་མི་ལོ་༦༠༠ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་གྲྭ་ཚང་ཤར་ནུབ་གཉིས་ཟུང་འབྲེལ་གྱིས་བགྲོ་གླེང་དང་བྱེད་སྒོ་སྣ་ཚོགས་ཤིག་གོ་སྒྲིག་ཡོད་པའི་ཆ་ཤས། དེ་རིང་རེས་གཟའ་ཉི་མའི་དགོང་དྲོར་དཔལ་ལྡན་བཀྲིས་སྒོ་མང་གྲྭ་ཚང་གི་ཆོས་རྭའི་ནང་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དབུས་པའི་གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁན་ལས་ཟུར། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། རྒྱལ་སྲས་བླ་སྤྲུལ་ཁག་འཕགས་ཚོགས་འདུས་པ་རྒྱ་མཚོ་བཅས་གདན་འཛོམས་པའི་ཐོག འབྲས་བློ་གླིང་གྲྭ་ཚང་གི་འདི་ལོའི་དགེ་བའི་བཤེས་ལྷ་རམས་པ་རྣམས་དམ་བཅའ་བཞུགས་ཏེ། འབྲས་སྒོ་མང་གྲྭ་ཚང་གི་སློབ་གཉེར་བ་ཚོས་གཞུང་ཆེན་དབུ་ཕར་གཉིས་དང་། ཚད་མ་རྣམ་འགྲེལ་བཅས་ལ་རིགས་པའི་ལམ་ནས་རྟགས་བསལ་བཏང་སྟེ་མཚན་ཕུན་དམ་བཅའ་ལེགས་པར་གྲུབ་ཡོད།