དེ་རིང་ཟླ་ ༧ ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཀར་བར་རྫོང་ནས་མོན་གྷོ་འདོད་གླིང་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་གཙོ། གདན་ས་ཁག་གི་མཁན་པོ་རྣམ་པ། ས་འཐུས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་བཅས་ཀར་བར་རྫོང་དུ་ཕེབས་བསུར་ཆེད་བཅར་ཞུས་ནས་ཐོག་མར་བླ་སྤྱིར་གནས་གཟིགས་གནང་པ་དང་དེ་རྗེས་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཎ་དྲལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་གནས་དེར་ཆུབས་སྒྱུར་མཛད་དོན་གང་ཡིན་སྐོར་བཀའ་བསྩལ་དང་འབྲེལ་དད་ལྡན་སེར་སྐྱ་ཀུན་ལ་འཚམས་འདྲི་གནང་སོང་། ༸གང་ཉིད་མཆོག་གིས་མུ་མཐུད་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཆོས་རྒྱུད་དེ་དག་ལོ་ངོ་སྟོང་ཕྲག་རིང་ང་ཚོ་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་པ་དང་། ད་ཆ་འཛམ་གླིང་འདིར་ང་ཚོའི་ངོས་ནས་ཞབས་འདེགས་བསྒྲུབ་པའི་དུས་ལ་བབ་ཡོད་སྐོར་བཀའ་སྩལ་མཛད་སོང་བ་དང་། ད་དུང་མགོན་པོ་མཆོག་གིས་དེང་སྐབས་ཨ་རིའི་ནང་ལའང་བྱམས་བརྩེའི་ཉམས་ལེན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་གཉིས་ཙམ་གྱི་མིང་ཡང་སྙིང་རྗེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད་པ་དང་། གྲོང་ཁྱེར་དེ་དག་ནང་བྱམས་བརྩེ་དང་འབྲེལ་བའི་བགྲོ་གླེང་དང་དེ་དག་བརྒྱུད་འཁྲུག་རྩོད་རིགས་ཀྱང་ཇི་ཉུང་དུ་སོང་བ་སོགས་དངོས་སུ་ཕན་ཐོགས་བྱུང་སྐོར་ལུང་འདྲེན་དང་འབྲེལ་ཉེ་ལམ་༸གོང་ས་མཆོག་ཨ་རིར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་ ༢༠༠ ཙམ་གྱི་ལྷན་འཛོམས་སྐབས་ཁོང་རྣམས་པས་ཀྱང་དེའི་ཐད་ཐུགས་སྣང་གནང་བཞིན་པ་སོགས་ངོ་སྤྲོད་སོགས་མཛད་ཡོད། ལྷག་དོན་༸གང་ཉིད་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གྱི་སློབ་གསོའི་སློབ་དེབ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་པ་དང་ཟླ་ཤས་ནང་གཏན་འབེབས་ཟིན་གྱི་ཡོད་སྐོར་སོགས་བཀའ་སྩལ་གནང་སོང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་རྒྱ་ནག་ནང་ནང་པའི་གྲངས་འབོར་དེ་ས་ཡ་ ༤༠ ཙམ་ཡོད་ཅིང། དེང་སྐབས་བོད་རྒྱུད་ནང་བསྟན་ལའང་དོ་སྣང་ཇི་ཆེར་འགྲོ་བཞི་ཡོད་སྟབས། ང་ཚོས་ཕྱི་རང་དབང་ལུང་པར་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་ཐུབ་ཚེ་རྒྱ་ནག་ནང་གཏན་གཏན་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་དེའི་ཐོག་ནས་བོད་དོན་ཐོག་ལ་ཡང་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད། དེ་རྗེས་༸གོང་ས་མཆོག་གིས་ས་གནས་རྒན་གསོ་ཁང་དང་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་གནས་སྟངས་དང་འབྲེལ་བའི་འཕྲོད་བསྟེན་སྨན་ཁང་ལ་སྨན་པ་མེད་དོན་གང་ཡིན་དང་། ས་གནས་སུ་ཉལ་ཐ་འཐེན་མཁན་ཡོད་མེད་སོགས་ཀྱི་གནད་དོན་མང་དག་ཞིག་གི་ཐད་བཀའ་རྩད་གནང་པར་ས་འགོ་མཆོག་གིས་བཀའ་ལན་ཕུལ་ཡོད་པ་རེད། མཛད་འཆར་ལྟར་ན།སང་ཉིན་ཕྱི་ཚེས་ ༢ ནས་ ༥ བར་གདན་ས་ཆེན་པོ་གསུམ་དང་རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་གཉིས། དེ་བཞིན་བཀྲ་ཤིས་ལྷུན་པོ་བཅས་ཀྱི་དགེ་འདུན་པ་ ༦༠ ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་མཛད་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་༦ ཉིན་༸སྐུའི་འཁྲུངས་སྐར་འཁེལ་གྱི་ཡོད་སྟབས། དེ་ཉིན་དྲོར་འབྲས་སྤུངས་དགའ་ལྡན་པོ་བྲང་བླ་སྤྱིའི་མདུན་ཐང་དུ་སྲུང་བརྩི་ཞུ་རྒྱུ་དང་འདི་བཞིན་དགེ་ལུགས་ཡོངས་ཀྱི་ངོས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་གི་ཡོད་པ་དང་། དེ་མཚུངས་སུ་མོན་གྷོ་སེར་སྐྱ་མི་མང་ཡོངས་ནས་ཀྱང་འདི་ལོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ …
We are blessed- throngs welcome the Dalai Lama to his own residence and second Nalanda University, Palden Drepung this morning around 9.30. This time his prime purpose to visit here to bestow full ordination and alongside to inaugurate and consecrate …
ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་གི་བཀའ་ཁྲིད་མ་གནང་གོང་དུ་སྔོན་འགྲོའི་ཀུན་སློང་བཅོས་ཚུལ་དང་ལྷག་པར་དེང་ཆེས་ཛ་དྲག་གི་དུས་འདིར་ང་ཚོ་ཚང་མས་སྤྱི་པའི་བསོད་ནམས་གོང་མཐོར་གཏོང་དགོས་པ་དང་། གཅིག་སྒྲིལ་གྱི་དམ་ཚིག་གཅིག་ཏུ་གནས་དགོས་པའི་སྐོར་བཀའ་སློབ་གནང་བ།
། https://www.facebook.com/100011664431042/videos/pcb.866877480377725/866877203711086/?type=3&theater
དང་པོ། འདན་མ་ཡེ་ཤེས་ལེགས་ལྡན།གཉིས་པ། མཁས་པའི་དབང་པོ་གཞུ་བསོད་པ།གསུམ་པ། རིགས་པའི་དབང་ཕྱུག་དཔལ་ལྡན་བློ་གྲོས།བཞི་པ། ཀོང་པོ་ཚུལ་ཁྲིམས་བློ་གྲོས།ལྔ་པ། འདན་མ་ཆོས་རྗེ་ཡེ་ཤེས་བཟང་པོ།དྲུག་པ། ཏྲེ་ཧོར་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན།བདུན་པ། འཇམ་དབྱངས་ལེགས་པ་ཆོས་འབྱོར།བརྒྱད་པ། སློབ་ཆུང་ཚུལ་ཁྲིམས་རྒྱ་མཚོ།དགུ་པ། སློབ་དཔོན་སངས་རྒྱས་བཟང་པོ་དང་། དབུ་མ་པ་རིན་ཆེན་དར་མ།བཅུ་པ། མཁས་པ་སངས་རྒྱས་ལེགས་པ།བཅུ་གཅིག་པ། སློབ་དཔོན་ཡོན་ཏན་འོད།བཅུ་གཉིས་པ། པཎ་ཆེན་བསོད་ནམས་གྲགས་པ།བཅུ་གསུམ་པ། བོ་དོང་རབ་འབྱམས་པ་དགེ་འདུན་དོན་འགྲུབ།བཅུ་བཞི་པ། སློབ་དཔོན་བཀྲ་ཤིས་འོད་ཟེར།བཅོ་ལྔ་པ། གཙང་སྟོད་བསམ་གཏན་པ།བཅུ་དྲུག་པ། གཙང་པ་བཀྲ་ཤིས་འོད་ཟེར།བཅུ་བདུན་པ། ཆོས་གྲགས་འོད་ཟེར།བཅོ་བརྒྱད་པ། རྒྱ་ཡང་ནང་སོ་བློ་བཟང་རྒྱལ་མཚན།བཅུ་དགུ་པ། ཚ་བ་ནམ་མཁའ་ཤེས་རབ།ཉི་ཤུ་པ། ཉང་པོ་རྒྱ་ནང་པ་མཁན་ཆེན་དཔལ་ལྡན་གྲགས་པ།ཉེར་གཅིག་པ། ཤར་པ་དམ་ཆོས་དཔལ་བཟང་།།ཉེར་གཉིས་པ། སྟོད་ལུང་པ་དོན་གྲུབ་མགོན་པོ།ཉེར་གསུམ་པ། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།ཉེར་བཞི་པ། ཁེ་གསུམ་ཆོས་མཛད་བློ་བཟང་བསྟན་འཛིན།ཉེར་ལྔ་པ། ཕོད་ཁང་པ་འཇམ་དབྱངས་བཀྲིས། ཉེར་དྲུག་པ། འཕན་པོ་དམ་ཆོས་རྣམ་རྒྱལ།ཉེར་བདུན་པ། འབུར་སྟག་པ་ངག་དབང་དཔལ་བཟང་།།ཉེར་བརྒྱད་པ། གྲྭ་ནང་བསྟན་པ་རྒྱ་མཚོ།ཉེར་དགུ་པ། དགའ་གདོང་ངག་དབང་བློ་གྲོས།སུམ་ཅུ་པ། མི་ཉག་དོན་ཡོད་རྒྱལ་མཚན།སོ་གཅིག་པ། ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ།སོ་གཉིས་པ། ཉག་རེ་དགེ་འདུན་གྲགས་པ།སོ་གསུམ་པ། ཚུལ་ཁང་ལེགས་པ་དོན་འགྲུབ།སོ་བཞི་པ། ཏྲེ་ཧོར་བློ་བཟང་འཇམ་དཔལ།སོ་ལྔ་པ། མི་ཉག་བླ་ཟུར་ལྷ་མགོན་བློ་བཟང་རྒྱལ་མཚན།ས་དྲུག་པ། རབ་འབྱམས་པ་བློ་བཟང་རིན་ཆེན།སོ་བདུན་པ། ལེགས་ལམ་སྨྲ་བ་དགེ་འདུན་ཚུལ་ཁྲིམས།སོ་བརྒྱད་པ། …
Under the guidance of the Loseling Education Committee, the Loseling Editorial Board has published fifty six volumes called Losang Gonggyen. In each volume there are several short literary works on Buddhism authored by many ancient and modern scholars. Since 1996, …
Throughout the year, on every Sunday, a debate session should be held in every Khangtsen. Generally during the debate sessions two monks from each Khangtsen sit as the answerers while the other monks of each Khangtsen debate with them. However, …
The Loseling hospital was constructed with funds from foreign countries in 1975. A fifty percent discount on medicines was given to patients and free medical treatments were provided to all patients suffering from tuberculosis and it also gave free eggs …
In 1972, in order to provide an educational foundation for a group of new young monks, they were taught reading and writing in the Tibetan alphabet, memorization skills and English language. They were also trained in Tibetan calligraphy on wooden …