ཕྱི་ལོ་ ༢༠༡༩ ལོའི་འཛིན་དང་པོའི་དོགས་གཅོད་ཐེངས་དང་པོའི་འདུལ་མཛོད་གཉིས་ཀྱི་མུ་བཞི་རྩིས་སྤྲོད་དང་དོགས་གཅོད་འཚོགས་ཡོད་པ་རེད། དེ་ཡང་བོད་རབ་བཅུ་བདུན་པའི་མེ་ཕག་ལོའི་ཟླ་ ༥ ཚེས་ ༡༠ དང་། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ ནས་ཉིན་བཞིའི་རིང་གཙུག་
༄༅། །དེ་རིང་ནི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། གདུལ་བྱའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པ་ལས། བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་གངས་ལྗོངས་ཆོས་ཀྱི་ཞིང་སར་སྟག་མཚེར་ཡུལ་དུ་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༤ དང་། རང་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ངང་ཞུ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནམ་ཡང་གཞལ་བར་མི་ནུས་པའི་ཐུགས་རྗེ་དང་། བཀའ་དྲིན་ཡིད་ལ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། བྱེས་འབྱོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་འདུས་མང་ཡོངས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་དཔལ་ལྡན་འབྲས་སྤུངས་བློ་གླིང་གཙུག་ལག་ཁང་དུ་དབུ་བཞུགས་སྐྱབས་རྗེ་༧ ཤར་པ་ཆོས་རྗེ་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་དང་། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག །རྒྱུད་སྨད་མཁན་ཟུར་རིན་པོ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག །བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་མཆོག ། བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག ། འདོད་རྒུ་གླིང་རང་གཞུང་སྐུ་ཚབ་མཆོག་དབུས་འབྲེལ་ཡོད་སྦྱིན་བདག་ཁག་དང་། འདུས་མང་ཡོངས་ལྷན་འཛོམས་ཀྱིས་སྔ་དྲོར་ཆུ་ཚོད་དྲུག་པའི་ཐོག་ཚོགས་དབུས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་རྒྱས་སྣེ་བསུས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་༧རྒྱལ་བའི་བཞུགས་ཁྲི་ལ་འཁོད་མཚམས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་བློ་གླིང་མཁན་རིན་པོ་ཆེ་མཆོག ། རང་གཞུང་སྐུ་ཚབ་སོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་སྤྲི་གོར་གཏུབ་པ་སོགས་གནང་སྟེ་འདུས་མང་ཡོངས་ལ་སྤྲི་གོར་དང་གསོལ་ཇ་བཞེས་བག་སོགས་ཀྱང་འབུལ་ལམ་ཞུས། ཚོགས་དབུས་སུ་ཞལ་འདོན་ཡང་༧རྒྱལ་བའི་ཞབས་བརྟན། ལྷ་བསངས་ཆོས་སྐུ་མ་འདོན་སྐུལ་གནང་། སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་འཁྲུངས་སྐར་བསུ་བའི་དགོས་པ་དང་། ༧ རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་རང་ཅག་མགོན་དུ་སྐུའི་མཚན་དཔེ་བཞད་པ་ནས་དགུང་གྲངས་གྱ་བཞི་བར་བོད་མི་རིགས་ཀྱི་སྤྱིའི་བདེ་དོན་དང་། བོད་ཀྱི་ཆོས་དང་རིག་གཞུང་། འཛམ་བུ་གླིང་གི་འགྲོ་བ་མི་རྣམས་ལ་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་སྟེ་ཞི་བདེ་བསྐྲུན་ཐབས་མཛད་པ་སོགས་རླབས་ཆེན་གྱི་མཛད་སྤྱོད་མཐའ་དག་སྒྲོག་སྦྱངས་གནང་བ་དང་། ང་ཚོའི་གྲྭ་ཚང་འདི་ཡང་ཁོང་གི་བཀའ་དྲིན་ཉག་གཅིག་ལས་སྔོན་ནས་ད་བར་འདྲ་འདྲའི་ནང་ནས་མ་འདྲ་ཞིག་ཏུ་འགྱུར་ཡོད་པ་དང་། སྔོན་ཡང་གྲྭ་ཚང་འདི་ནས ༧རྒྱལ་དབང་ཐམས་ཅད་མཁྱེན་པས་ཅི་གསུང་བཀའ་སྒྲུབ་གནང་ཡོད་པ་དང་། ཅི་གསུང་བཀའ་བཞིན་སྒྲུབ་པ་ལས་མཆོད་པ་ལྷག་པོ་ཞིག་མེད་ཅིང་། དགོན་སྡེ་ཁག་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་སྦྱང་ཡུལ་སློབ་གྲྭ་ཞིག་དགོས་གསུངས་པ་ལྟར་བློ་གླིང་གྲྭ་ཚང་གིས་དགོན་སྡེ་ཁག་གི་ཐོག་མའི་གྲས་ནས་སློབ་གྲྭ་ཞིག་བཙུགས་ཏེ་འབྲས་བློ་གླིང་ཆོས་རིག་འཛིན་སྐྱོང་ཞིག་མཚན་གསོལ་སྩལ་གནང་ཡོད། དེ་བཞིན་༧མགོན་པོ་གང་ཉིད་ཀྱིས་གདན་ས་ཁག་ལ་ཚན་རིག་སྦྱང་ཡུལ་ཞིག་ཡོད་ན་དགེ་མཚན་ཆེ་བར་བཀའ་ཕེབས་པ་ལྟར་ནང་པའི་ལྟ་སྤྱོད་ཟུང་སྦྲེལ་གྱི་གཞུང་ལུགས་དང་དེང་རབས་ཚན་རིག་གཉིས་གྱི་དབར་དོན་སྙིང་ལྡན་པའི་མཉམ་ལས་འབྲེལ་འདྲིས་བྱ་སའི་བསྟི་གནས་གལ་ཆེ་ཞིག་བཙུགས་ཐུབ་ཡོད་ཅིང་། ཕྱི་ལོ་༡༩༩༨ ལོ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དབར་ལོ་རྒྱུས་རང་བཞིན་ཅན་གྱི་ཤེས་རིག་མཉམ་འབྲེལ་ལས་གཞི་ཞིག་སྤེལ་རྒྱུ་སྐུལ་སློང་ཐོབ་ཡོད་པ་མ་ཟད། ལས་གཞི་དེ་ཉིད་༧མགོན་པོ་གང་གི་ཞལ་སྔ་ནས་ལོ་དེར་དབུ་འབྱེད་བསྐྱངས་ཡོད། ཕྱིན་ཆད་ཀྱང་སྔར་བཞིན་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་གནང་བ་མ་ཟད། བོད་ཀྱི་རྩ་དོན་ལམ་དབུ་མའི་ཐོག་སྔར་བཞིན་སྐྱོད་རྒྱུ་ཡིན་པ་སོགས་བཀའ་སློབ་གནད་བསྡུས་ཤིང་ཟབ་ཅིང་རྒྱ་ཆེ་བ་གནང་སྟེ་འཁྲུངས་སྐར་མཛད་སྒོ་བཀྲ་ཤིས་པའི་ངང་གྲུབ་ཡོད་པ་རེད།
ཕྱི་ལོ༢༠༡༩/༦/༢༩ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་སྦག་སའི་གནས་བརྟན་བགྲེས་པ་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་ཨ་རི་ཊིཀ་སཱས་ཆོས་
༄༅། །རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཆེན་པོ་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དགོངས་གཞི་བླ་ན་མེད་པའི་འོག་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཨ་རི་ཨེ་མོ་རི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི
༄༅། ། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་
བློ་གསལ་གླིང་གི་མཁན་ཐོག་བདུན་པ་ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ། འཇམ་དབྱངས་དགའ་བའི་བློ་གྲོས་ཞེས་པ་མཁྱེན་རབ་ནམ་མཁའ་ལྟར་ཡངས་པ་དེ་ཉིད་ཀྱིས་གཞུང་ཆེན་ཁག་གི་དགོངས་པ་འགྲེལ་བའི་ཊིཀྐ་དང་། ལོག་པར་སྨྲ་བ་རྣམས་ཚར་བཅད་པའི་བརྩམས་ཆོས་མང་པོ་སྤེལ་ཞིང་། གྲྭ་ཚང་འདི་ཉིད་དུ་འཆད་ཉན་ཤིན་ཏུ་རྒྱས་པོ་བྱུང་བ་དང་། ལྷག་པར་རྩོད་གྲྭའི་སྒྲིག་སྲོལ་ཚགས་ཚུད་དང་།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ ཉིན་གྱི་ཉིན་རྒྱབ་ཚོུད་གཉིས་པའི་ཐོག་་འབྲས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། ཁྲིམས་བདག་དགེ་བསྐོས། གྲྭ་ཚང་གི་རྒྱུགས་སྤྲོད་ཚོགས་ཆུང་གི་འགན་འཛིན། སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་འགན་འཛིན་བཅས་དབུ་བཞུགས་ཐོག་ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ནས་ཉིས་སྟོང་བཅུ་དགུ་བར་གྱི་ཚན་རིག་དང་ཨང་རྩིས་ལོ་འཁོར་རྒྱུགས་སྤྲོད་བཏང་བ་དང་། རྒྱུགས་ཞུགས་དགེ་འདུན་པ་གྲངས་ ༣༣༠ ཡོད་ཅིང་། སློབ་ཚན་སྐྱེ་དངོས་ཚན་རིག་དང་། དབང་རྩ་ཚན་རིག དངོས་ཁམས་ཚན་རིག ཨང་རྩིས་བཅས་ཚུད་ཡོད། https://www.youtube.com/watch?v=uF2qdXI91Oc&feature=youtu.be
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ ཉིན་ཨེ་མོ་རི་གཙུག་ལག་སློབ་གྲྭར་ཚན་རིག་སློབ་སྦྱོང་བྱ་ཕྱིར་དུ་གདན་ས་གྲྭ་ཚང་ཁག་ལྔ་དང་རྫོང་དཀར་ཆོས་སྡེ་བཅས་ནས་བདམས་ཐོན་བྱུང་བའི་དགེ་འདུན་པ་དྲུག་གིས་འབྲས་བློ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཟླ་བ་དྲུག་རིང་གི་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱས་ཏེ་མཇུག་བསྒྲིལ་ཅིང་། འབྲས་བློ་གླིང་གྲྭ་ཚང་གི་ཕྱག་མཛོད་དང་། སྒོམ་སྒྲུབ་དང་ཚན་རིག་ཁང་གི་ཟུང་སྦྲེལ་འགན་འཛིན། དགེ་རྒན་རྣམས་ཀྱིས་ཁོང་རྣམ་པའི་འབད་བརྩོན་ལ་རྗེས་སུ་ཡི་རང་དང་སླད་མར་ཁོང་རྣམ་པར་ཨེ་མོ་གཙུག་ལག་སློབ་གྲྭར་ཚན་རིག་སློབ་སྦྱོང་མཐར་ཕྱིན་ཡོང་བའི་བཀྲིས་བདེ་ལེགས་ཀྱི་ཁ་བཏགས་བསྒྲོན་ཏེ་ཕེབས་སྐྱེལ་ཞུས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་འོག་ྋཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་སུམ་ཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ སྲུང་བརྩི་ཞུས་པའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་མཆོག་གི་སྐུ་ཚབ་གཞིས་ལས་ཁང་གི་རྩིས་པ་པ་སངས་དོན་འགྲུབ་མཆོག་དང་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གླིང་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག དབུ་ཆོས་གསུམ། ཕྱག་མཛོད་བཅས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་གཟིམ་ཆུང་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གཙུག་ལག་ཁང་དུ་ སྤྱན་རྒྱ་སྤོས་སྣེ་དང་བཅས་གདན་ཞུ་གནང་སྟེ། སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་ལ་འཁོད་ མཚམས་སུ་སྐུ་མགྲོན་གཙོ་བོ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་སོགས་ནས་མཎྜལ་རྟེན་ གསུམ་འདེགས་འབུལ་གནང་བ་དང་། རྒྱལ་སྲས་བླ་སྤྲུལ་ཁག བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། དགེ་འདུན་འདུས་མང་ཡོངས་ནས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཞབས་ བརྟན་གསོལ་འདེབས་གསུང་གནང་བ་སོགས་འཁྲུངས་སྐར་གྱི་མཛད་སྒོ་འཐུས་ཚང་ངང་སྲུང་བརྩི་ ཞུས་པ་དང་འབྲེལ། རིན་པོ་ཆེ་མཆོག་རྒྱ་དམར་གྱི་བཙོན་གནོན་ལས་མྱུར་དུ་གྲོལ་ཏེ། འགྲོ་བ་ཀུན་ གྱིས་ཁོང་གི་གསུང་གི་བདུད་རྩིའི་་དཔལ་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་དགའ་སྟོན་ལ་ རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། འབྲས་སྤུངས་བློ་གསལ་གྲྭ་ཚང་ནས། ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་ཕུལ། །
༈ རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་དང་། བོད་བསྟན་སྲིད་སྤྱིའི་བདེ་དོན་དང་། འཛམ་གླིང་ཞི་བདེ། གྲྭ་ཚང་གི་ཁྲི་གདན་ཟུར་རྒྱལ་སྲས་བླ་སྤྲུལ་ཁག་དང་།