ཕྱི་ལོ་༢༠༢༢ ལོའི་ཆོས་སྡེ་ཆེན་པོ་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཕར་ཕྱིན་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་གནང་ཡོད། ལོ་བསྟར་ཆགས་སུ་དབུ་ཕར་རྣམ་འགྲེལ་གསུམ་གྱི་མཚན་ཕུད་དམ་བཅའ་ཆེན་མོ་ཚོགས་སྲོལ་ཡོད་པ་ལྟར་ལོ་འདིར་ཡང་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་༡༢ ཟླ་མཇུག་ཏུ་གསུང་ཆོས་བཀའ་དྲིན་སྩལ་བར་བརྟེན་ཅུང་ཟད་སྔ་སྣུར་གྱིས་ཕྱི་ལོ་༢༠༢༢ ལོའི་ཟླ་ ༡༢ ཚེས་ ༤ རེས་གཟའ་ཉི་མའི་དགོང་མོར་ཆོས་སྡེ་ཆེན་མོ་དཔལ་ནཱལནྡཱ་གཉིས་པ
ཕྱི་ལོ་༢༠༢༢ ལོའི་ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས་ཉིན་འཛིན་སྐྱོང་ཕྱག་མཛོད་རྣམས་ཀྱིས་ཐུགས་འགན་བཞེས་ཏེ་བློ་གླིང་གཙུག་ལག་ཁང་གི་འོག་ཁང་གསོལ་ཚིགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་འདི་ཉིད་ཕྱི་དཔལ་འབྱོར་དང་ནང་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཉག་ང་ཉག་ཕྲ་བའི་དུས་དེར་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སྒོས་གྲྭ་ཚང་འདི་ཉིད་ཉམས་པར་སོར་ཆུད་དང་མི་ཉམས་དར་རྒྱས་ཡོང་སླད་ལྷད་མེད་པའི་ལྷག་བསམ་དང་རླབས་ཆེ་བའི་ཐུགས་བསྐྱེད་ཆེན་པོས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཐོག་མཛད་རྗེས་རླབས་ཆེན་
ཕྱི་ལོ་༢༠༢༢ ལོའི་ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས་ཉིན་གྲྭ་ཚང་གི་བློ་གསལ་གླིང་འདོན་བཟང་སྐད་བཟང་རྣམས་ཀྱིས་བློ་རྒྱུགས་འབུལ་བཞེས་མཛད་ཡོད། མཁས་མང་བློ་གླིང་གྲྭ་ཚང་གི་དབུ་མཛད་ཆེན་མོ་གོ་བོ་དགེ་བཤེས་ཨ་དགའ་མཆོག་དང་། འདོན་བཟང་སྐད་བཟང་གི་གཉེར་པ་གཉིས་ཀྱིས་ཐུགས་འགན་གཙོ་བོར་བཞེས་པའི་ཐོག་འདོན་བཟང་སྐད་བཟང་བློ་རྒྱུགས་འབུལ་མཁན་རྣམས་རྒྱུགས་བཞེས་མཛད་ཡོད།
བློ་རྒྱུགས་ནི་སྐྱབས་འགྲོ་སེམས་བསྐྱེད་ནས་གྲྭ་ཚང་གི
ཕྱི་ལོ་༢༠༢༢ ལོའི་ཟླ་བ་༡༡ ཚེས་ ༢༦ ཉིན་གྱི་སྔ་དྲོར་གྲྭ་ཚང་གིས་ཟླ་བ་རེར་ཚོགས་བཞིན་པའི་གཏོར་འབུལ་རྟ་ཆེན་ཚོགས་གནང་མཛད་ཡོད། བློ་གླིང་གཙུག་ལག་ཁང་ངམ་འདུ་ཁང་དུ་དབུ་བཞུགས་ཁྱབ་བདག་བཀའ་འགྱུར་བ་སྐྱབས་རྗེ་བློ་གླིང་མཁན་ཟུར་རིན་པོ་ཆེ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། དབུ་ཆོས་རྣམ་གསུམ་གཙོས་འདུས་མང་ཡོངས་ཀྱིས་འཚོགས་གནང་མཛད་ཡོད། འདི་ཉིན་དགེ་བཤེས་གཏོང་སྒོ་གཏོང་མཁན་བཅུ་ཕྲག་ལྷག་གིས་དགེ་འདུན་རྣམས་ལ་བསྙེན་བཀུར་ཞུས་གནང་།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༤ ནས་ཚེས་༢༦ བར་ བློ་གླིང་སྐབས་བཅུ་བདུན་པའི་ཕྱག་མཛོད་རྣམས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ་མགོན་དཀར་ཡིད་བཞིན་འཁོར་ལོའི་གཡང་སྒྲུབ་དང་། རྒྱལ་པོ་ཆེན་པོ་རྣམ་སྲས། ཛམ་བྷ་ལ་ཆེན་མོ་བཅས་ཀྱི་གཡང་སྒྲུབ་ཆེན་མོ་བཅས་འཚོགས་བཞིན་པ་དང་། གོང་ཁག་གསུམ་གྱི་གཡང་གི་གཏེར་བུམ་བཅས་སྒྲུབ་རྒྱུ། གཡང་སྒྲུབ་ཆེན་མོ་ཚོགས་མཁན་ཡང་དབུ་བཞུགས་འབྲས་བློ་གླིང་མཁན་ཟུར་སྐྱབས་རྗེ་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་དང་། ཀེའུ་ཚང་རིན་པོ་ཆེ། ཟངས་འབུམ་མཆོག་སྤྲུལ་རིན་པོ་ཆེ། གྲ་སྨད་རིན་པོ་ཆེ། བ་ར་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་ཐོན་ཟིན་རྣམས་དང་། ཁམས་ཚན་རེ་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གཅིག་རེའམ་གཉིས་གསུམ་རེ་བཅས་བརྒྱ་ཕྲག་མ་ཟིན་ཙམ་ཡོད་ཅིང་། གཡང་སྒྲུབ་ཀྱི་ཆོ་གའི་ནང་གསལ་ལྟར་གཡང་སྒྲུབ་སྐབས་གཡང་འབོད་སོགས་ཀྱང་གནང་ཡོད།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༢ ཉིན་འབྲས་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་དུ་ཕར་ཕྱིན་དོགས་གཅོད་དང་།ཚེས་༢༣ཉིན་དབུ་མའི་དོགས་གཅོད་ཆེན་མོ་བཅས་ཚོགས་ཡོད། འདི་ལ་ཡོངས་གྲགས་སུ་མཁས་མང་བློ་གླིང་གྲྭ་ཚང་དུ་སྔར་གྱི་ཕྱག་སྲོལ་རྒྱུན་བཟང་ཡོད་པ་ལྟར་འཛིན་དང་པོའི་དོགས་གཅོད་ཅེས་འབོད་སྲོལ་མཆིས། ལོ་ལྟར་དགེ་ལས་ཐོག་རྣམས་ཀྱིས་ཐུགས་འགན་བཞེས་ཏེ་དྲང་ངེས་ལེགས་བཤད་སྙིང་པོ། ཕར་ཕྱིན་དབུ་མ། འདུལ་མཛོད། རྣམ་འགྲེལ་བཅས་ཀྱི་དོགས་གཅོད་ཚོགས་དགོས།དེ་ཡང་གཞུང་ཆེན་ཁག་གི་དཀའ་གནད་དང་། གཞུང་
ཁྱབ་བདག་བཀའ་འགྱུར་བ་འབྲས་བློ་གླིང་མཁན་ཟུར་རིན་པོ་ཆེ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་མཆོག་གིས་ཕྱི་ལོ་༢༠༡༧ ལོར་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལྗགས་ལུང་གནང་རྒྱུའི་དབུ་འཛུགས་གནང་།
གསུང་ཆོས་ཐེངས་དང་པོ་ཕྱི་ལོ་༢༠༡༧ ཟླ་༤ ཚེས་ ༡༣ ནས་ཚེས་༢༧ བར།
ཕྱི་ལོ་ ༢༠༢༢ ཟླ་བ ༡༡ ཚེས་ ༡༨ ཉིན་ྋསྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་༸རྗེ་བཙུན་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། རིན་པོ་ཆེ་མཆོག་གི་སྐུའི་མཚན་དཔེའི་མེ་ཏོག་མངོན་པར་བཞད་དེ། ཕྱི་ལུགས་ལྟར་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་
ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་ ༡༠ ནས་༡༦ བར་ཉིན་གྲངས་བདུན་རིང་དཔལ་ལྡན་བོད་མི་མང་སྐབས་༡༧ པའི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད། ཕྱི་ཚེས་༡༠ ཉིན་མོན་གྷོ་རུ་འབྱོར་བ་དང་སྒོ་མང་མགྲོན་ཁང་དུ་ས་འཐུས་ཚོགས་གཙོ། ས་གནས་གཞིས་འགོ། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་གཙོས་མོན་གྷོ་ཚོགས་པ་༡༦ ཚོགས་མི།
ཕྱི་ལོ་༢༠༢༢ ཟླ་བ་ ༡༡ ཚེས་ ༧ ཉིན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་དང་སླེ་ལུང་དགེ་རྩ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་དགོན་པའི་ཉེ་འཁོར་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་གོས་སྦྱིན་ཕུལ་ཡོད། བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕ་ར་ཤག་སྐོར་མཁན་སྤྲུལ་བསྟན་འཛིན་ཕུལ་བྱུང་མཆོག་དང་ཕྱག་རོགས་སྤྲུལ་སྐུ་གཉིས། སླེ་ལུང་དགེ་རྩ་ཚོགས་པའི་ཚོགས་གཙོ་སླེ་ལུང་རིན་པོ་ཆེ་བསྟན་འཛིན་ཕུན་ཚོགས་བློ་ལྡན་མཆོག །བློ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་འཇམ་དབྱངས་དབང་ཕྱུག་མཆོག །གཞིས་གྲོང་བཞི་པ་པོ་ཏ་ལ་ཚོགས་པའི་ཚོགས་མི་བཅས་གོས་བྱིན་སར་ཆེད་ཕེབས་གནང་ཡོད། མཁས་མང་བློ་གསལ་གླིང་གྲྭ་ཚང་དང་གཞིས་གྲོང་བཞི་པ་པོ་ཏ་ལ་ཚོགས་པ་གཉིས་ཀྱིས་འབྲེལ་ཡོད་སྡེ་ཚན་དཔོན་རིགས་ཁག་ལ་ཞུས་པ་དང་རོགས་རམ་གནང་སྟེ་འབྲས་སྤུངས་དགོན་པའི་ཉེ་འཁོར་དུ་ཡོད་པའི་རྒྱ་གར་གྲོང་གསེབ་༡༽ ན་ཏྲི་ཀ་ཏྲི ༢༽ ཀན་གདའ་ཀཏྲེ་ཀ་རི ༣༽ ཧོ་ལི་ཧོ་ཏྲ། ༤༽ རྦ་ས་པུར། ༥༽ ར་མ་པུར། བཅས་ལ་གྱོན་གོས་དོ་པོ་བདུན་ཅུ་ལྷག་རླངས་འཁོར་ནང་དབོར་ཏེ་གོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་ཡོད། ཁྱིམ་ཚང་སོ་སོར་ཕོ་མོ་གང་ཡོད་ཕོ་ལ་བུ་ཡི་གོས་དང་མོ་ལ་མོ་ཡི་གོས་བཅས་སྦྱིན་ཡོད་པས་མི་མང་རྣམས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་བཅས་སོ།།