ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༢༣ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་གུ་གེ་བཤད་འཕེལ་གླིང་སྤྲུལ་སྐུ་རྗེ་བཙུན་ཐུབ་བསྟན་བསྟན་དར་མཆོག་མོན་རྟ་དབང་དགོན་པའི་མཁན་པོའི་ཁྲི་སྟོན་མཛད་སྒོ་གནང་ཡོད། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། བློ་གླིང་ཕྱག་མཛོད་དགེ་བཤེས་བློ་བཟང་ཟླ་བ། བློ་གླིང་ཕྱག་མཛོད་དགེ་བཤེས་སྐལ་ཆོས་ཟླ་བ་བཅས་མོན་གྷོ་ནས་མཛད་སྒོ་ཐོག་ཆེད་ཕེབས་གནང་ཡོད། མཛད་སྒོ་ལ་མོན་རྟ་དབང་དགོན་པའི་མཁན་ཟུར་བློ་གླིང་གུ་གེ་རྒྱ་བུང་སྤྲུལ་སྐུ་བློ་བཟང་ཆོས་ལྡན་རིན་པོ་མཆོག་དང་། ས་གནས་དཔོན་རིགས་ཁག་དང་། དགོན་སྡེ་ཁག་གི་སྐུ་ཚབ། ཕྱོགས་བཞུགས་དགེ་འདུན་པ་དང་མི་སྐྱ་གྲངས་མེད་པ་འཛོམས་ཏེ་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་གནང་ཡོད། མོན་རྟ་དབང་དགོན་སྡེ་འདི་ལ་བོད་ནས་བློ་གླིང་གྲྭ་ཚང་གིས་མཁན་པོ་གཏོང་མཛད་པ་ལྟར། བཙན་བྱོལ་དུ་འབྱོར་ནས་ཀྱང་བློ་
ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་གངས་ཅན་གྱི་དཔལ་ནཱ་ལནྡཱ་གཉིས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྲིས་རྒྱུགས་དབུ་འཛུགས་གནང་ཡོད་ཅིང་། དེ་ཡང་སྔར་སྲོལ་བཞིན་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དུ་དངོས་སུ་ཞུགས་དགོས་པའི་སློབ་གཉེར་བ་ཉམ་ཐག་ནད་པ་དང་གྲྭ་ཚང་གི་ལས་སྣེ་འཁེལ་བ་འགའ་རེ་མ་གཏོགས་སློབ་གཉེར་བ་ཞལ་གྲངས་༼༡༠༣༧༽ལོ་འཁོར་རྒྱུགས་སྤྲོད་དུ་ཞུགས་ཡོད། དེ་རིང་ནས་བཟུང་ཉིན་ལྔ་རིང་ཞོགས་ཆུ་ཚོད་༨ པར་དབུ་མ་འཛིན་གྲྭ་ཡན་འཛིན་གྲྭ་སོ་སོའི་
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༡༧ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་ཕྱག་མཛོད་སྐབས་བཅུ་བདུན་པའི་དགེ་འདུན་འདུས་སྤྱིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་གནང་ཡོད་པ་རེད། དགེ་འདུན་འདུས་སྤྱིའི་ཚོགས་གཙོ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། ཚོགས་གཞོན་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ། བླ་མའི་ཚོགས་མི་ཤག་སྐོར་མཁན་སྤྲུལ། ཚོགས་མི་དཔེ་ཁྲིད་དགེ་རྒན་ཕུ་ཁང་དགེ་
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༡༥ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་ཐུབ་བསྟན་ལྷུན་འགྲུབ། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ། རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་ཡོངས། རྒྱུགས་སྤྲོད་ཞིབ་བཤེར་པའམ་བརྒྱ་ཆ་འབུལ་མཁན། སྔགས་ཀྱི་འཛིན་གྲྭ་རྒྱུད་སྡེ་འོག་མ། བསྐྱེད་རིམ། རྫོགས་རིམ་བཅས་འཛིན་གསུམ་བཅས་ལྷན་འཛོམས་ཐོག་སྔགས་ཀྱི་བྲིས་རྩོད་གཉིས་རྒྱུགས་སྤྲོད་གནང་ཡོད་པ་རེད། དེ་ཡང་གྲྭ་ཚང་ནས་དགེ་བཤེས་རྣམས་དཔལ་ལྡན་རྒྱུད་སྨད
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༡༣ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུ་བཞུགས། བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ་མཆོག །ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་མཆོག །བློ་གླིང་རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་གཙང་པ་དགེ་བཤེས་རྣམ་རྒྱལ། བསྡུས་གྲྭ་འཛིན་གྲྭ་ནས་རྟགས་རིགས་འཛིན་གྲྭར་གསར་ཞུགས་པ་བཅས་གདན་འཛོམས་པའི་དབུས་སུ་སློབ་གཉེར་བ་རེ་ནས་རིགས་པའི་ལམ་ནས་རྟགས་བསལ་རེ་དང་ལན་རེ་བཏབ་ཟིན་རྗེས་སྐྱབས་རྗེ་མཁན་རིན་པོ་ཆེ་དབུས་གོང་བཞིས་བརྒྱ་ཆ་ཕུལ་ཏེ་
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༧ ཉིན་བསྟན་པ་རྒྱས་པ་དང་འགྲོ་ཀུན་བདེ་ཞིང་། ཁྱད་པར་ ༸་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཞིང་རླབས་ཆེན་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སླད་ཐེ་ཝན་གནས་བཞུགས་བློ་གླིང་ཀུན་ཕན་ཆོས་ཚོགས་ཀྱི་དབུ་འཛིན་དགེ་བཤེས་བསྟན་འཛིན་ལམ་བཟང་མཆོག་དང་སྦྱིན་བདག་ཁག་གིས་རེེ་སྐུལ་ལྟར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་
ཕྱི་ལོ་༢༠༢༢་ལོའི་ཟླ་བ་༩ པའི་ཚེས་༡ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་གནང་ཡོད་ཅིང་། དེ་ཡང་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པ་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་གྱི་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་ཡོད། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་
ཕྱི་ལོ་༢༠༢༢་ལོའི་ཟླ་བ་༨་པའི་ཚེས་༢༦ནས་ཟླ་བ་༩པའི་ཚེས་༧བར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གཉིས་མཉམ་འབྲེལ་གོ་སྒྲིག་འོག་སྃ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་གནང་རྒྱུའི་དབུ་འབྱེད་མཛད་སྒོ་ཚེས་༢༦ཉིན་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། བློ་གླིང་ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག །དེ
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་དོན་ལྟར་བཀའ་ཕེབས་དོན་ལྟར། ལོ་ལྟར་གྲྭ་ཚང་སོ་སོའི་གོ་སྒྲིག་འོག་དབྱར་གནས་སྐབས་ཁོངས་སོ་སོའི་བཀུར་འོས་དཔེ་ཁྲིད་རྒན་རྣམས་ནས་རང་ཁོངས་དགེ་ཚུལ་རྣམས་ལ་གནམ་རྩེ་ལྡེང་མ་དང་། དགེ་སློང་གི་བསླབ་བྱ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཐུབ་དབང་ཞལ་ལུང་གི་སྟེང་ནས་སྒོ་གསུམ་གྱི་སྤྱོད་ལམ་རྣམ་བཞག་བསྟེན་སྟངས་དང་། སྤང་བླང་ཚུལ་བཞིན་གནང་དགོས་སོགས་ཀྱི་སྐོར་འཆད་ཁྲིད་དང་། ལམ་སྟོན་བཀའ་སློབ་གནང་དགོས་ཞེས་འཁོད་པའི་བཀའ་ཁྱབ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་༣༡ནསདབུ་འཛུགས་ག
ཕྱི་ལོ་༢༠༢༢་ལོའི་ཟླ་བ་༩ པའི་ཚེས་༡ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་གནང་ཡོད་ཅིང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་གྱི་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། དམིགས་བསལ་སྐུ་མགྲོན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས། ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས། གཞན་