དེ་ཡང་བོད་རྒྱལ་ལོ ༢༡༤༩ ཟླ་བ ༦ པའི་ཚེས ་ ༢༨ ཕྱི་ལོ་༢༠༢༢ ཟླ་བ་༨ཚེས་ ༢༥ ཉིན་གྱི་སྔ་དྲོར་དཔལ་ལྡན་ཁྲིམས་བདག་དགེ་བསྐོས་གསར་པ་དགེ་བཤེས་ཐུབ་བསྟན་དངོས་གྲུབ་མཆོག་ཕུ་ཁང་ཁམས་ཚན་ཚོགས་ཁང་གསར་པའི་ནང་ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་ཚོགས་ཁང་དུ་གདན་དྲངས་ཏེ་རྟེན་གསུམ་ཁག་ལ་མཇལ་དར་སྒྲོན་འབུལ་དང་། དཔལ་ལྡན་ཡོན་ཏན་མ་སོགས་ཞལ་འདོན་གནང་བ
༄༅། ། ྋ སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་མཧཱ་པཎྜི་ཏ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་བཀའ་ཁྲིད་སྩལ་གནང་མཛད་རྒྱུ། གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་དཔལ་ལྡན་ཁྲི་ཟུར་
གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་འདུས་མང་གིས་ས་ག་ཟླ་བའི་ཚེས་༨ ནས་ཚེས་༡༥ བར་ལོ་བསྟར་ཆགས་སུ་ཚོགས་བཞིན་པ་ལྟར་ལོ་འདིར་ཡང་ས་ག་ཟླ་བའི་ནང་གཙོ་བོ་རང་ཅག་རྣམས་ཀྱི་འདི་དང་ཕྱི་མའི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་བོད་འབངས་ཡོངས་ཀྱི་མགོན་སྐྱབས་བླ་ན་མཆིས་པ་ཆེན་པོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ
ཕྱི་ལོ་༢༠༢༢ ལོའི་ཟླ་ ༥ ཚེས་ ༣ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ལོ་གཅིག་ལ་ཆོས་ཐོག་ཆེན་མོ་བརྒྱད་ཡོད་པ་ལས་ཆོས་ཐོག་གཉིས་པ་དཔྱིད་ཆོས་ཆེན་མོ་དབུ་ཚུགས་གནང་ཡོད། ཆོས་ཐོག་འདི་བོད་ཟླ་གསུམ་པའི་ཚེས་གསུམ་ལ་ཆོས་ར་ཡར་ཚོགས་དང་། དུས་ཡུན་ཟླ་ཆོས་ཡིན། ཟླ་ཆོས་འདིའི་ནང་༧ སྐྱབས་རྗེ་མཁན་རིན་པོ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། བླ་མ་གཞུང་ལེན་པ་དགེ་བཤེས་ཆོས་འཕེལ། དབུ་མཛད་དགེ་བཤེས་ཨ་དགའ། ཁྲིམས་བདག་དགེ་བསྐོས་དགེ་བཤེས་བློ་བཟང་ཉི་མ། དབུ་བཞུགས་ཐོག་གཙོ་བོ་རྒྱལ་བའི་གཞུང་ཆེན་ཁག་གི་གནད་བསྡུས་པ་བཀའ་པོད་ལྔའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་བ་རྣམས་ཀྱིས་འཛིན་གྲྭ་འཐབ་དགོས། དེ་ཡང་འཛིན་གྲྭ་རེ་ནས་འོག་
དཔལ་ལྡན་འབྲས་དཀར་སྤུངས་པའི་ཁྲི་པ་རིན་པོ་ཆེ་བློ་གླིང་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་དང་། འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་སྒོ་མང་རྗེ་བཙུན་བློ་བཟང་བསྟན་པ་མཆོག །འབྲས་བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག ། འབྲས་སྒོ་མང་མཁན་རིན་པོ་ཆེ་རྗེ་བཙུན་འཇིགས་མེད་རྒྱ་མཚོ་མཆོག །འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་བཅས་གཙོ་བོར་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་མཆོག་མཇལ་བཅར་སྙན་གསན་སླད་འབྲས་སྤུངས་ནས་རྡ་སར་ཕེབས་ཏེ་རྣམ་རྒྱལ་གྲྭ་ཚང་དུ་བཞུགས་མུས་ངང་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཇལ་ཁ་མ་ཞུ་བའི་སྔོན་ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༥ ཚེས་ ༢༢ ཉིན་བོད་བསྟན་པ་ཆབ་སྲིད་སྤྱི་དང་། དཔལ་ལྡན་འབྲས་དཀར་སྤུངས་པའི་སྐོར་རྡ་ས་གནས་ཆུང་སྒྲ་དབྱངས་གླིང་དུ་༸རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་པོ་སྤྱན་འདྲེན་ཞུས་ཏེ་ཐུགས་དམ་ས་བོན་འབུལ་བ་ལྟར་ལུང་བསྟན་གནང་ཡོད།
ཕྱི་ལོ་༢༠༢༢ ལོའི་ཟླ་ ༥ ཚེས་ ༢༦ གཟའ་སྐར་འཕྲོད་སྦྱོར་
༄།།ཁྱབ་བདག་འཁོར་ལོའི་མགོན་པོ། ངེས་དོན་གྱི་སེམས་པ་ཆེན་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སྐུ་དངོས། སྦས་པའི་རྣལ་འབྱོར་པ་ཆེན་པོ། དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ནོར་བུའི་བང་མཛོད་ཆེན་པོ་༧སྐྱབས་རྗེ་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དེ་རིང་བོད་ཟླ་གསུམ་པའི་བོད་ཚེས་ཉི་ཤུ་བཞི་(24-05-2022)ཉིན་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་གནས་ཚུལ་ཐོས་པར་བློ་ཕམ་ཚད་མེད་བྱུང་། དེ་ཡང་༸སྐྱབས་རྗེ་སྐྱོང་བླ་རིན་པོ་ཆེ་ནི། བོད་མདོ་ཁམས་བྲག་གཡབ་ཏུ་སྤྱི་ལོ་ ༡༩༢༣ ལོར་འཁྲུངས་པ་དང་། དགུང་ལོ་ ༥ ལ་ཕེབས་སྐབས་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྐྱོང་བླ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཁོང་དགུང་ལོ་དྲུག་ལ་བཞེས་སྐབས་རབ་ཏུ་བྱུང་ནས་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་བའི་རྗེས་རིམ་བཞིན་གཞུང་ཆེན་སློབ་གཉེར་གནང་སྟེ་ཁོང་དགུང་ལོ་ཉེར་གཉིས་ཙམ་ལ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། དེ་རྗེས་གསང་ཆེན་བསྟན་པའི་འབྱུང་གནས་དམ་པ་དཔལ་ལྡན་རྒྱུད་སྟོད་ལ་སྔགས་ཀྱི་སློབ་གཉེར་གནང་བ་དང རྒྱུད་པ་གྲྭ་ཚང་གི་དགེ་བསྐོས་མཛད་འགན་བཞེས་གནང་། བོད་ནང་དུས་འགྱུར་བྱུང་སྐབས་ཁོང་རྒྱ་གར་དུ་ཕེབས་རྗེས། ཡོ་རོབ་དང་དེ་ནས་ཨ་རིའི་ནང་ཕེབས་ཏེ་ཕྱི་ལོ་ ༡༩༦༨ ལོར་ཨ་རིའི་ནིའུ་ཡོག་ཏུ་བཞུགས་ནས་ཕྱི་ལོ་ ༡༩༧༥ ལོར་རིན་པོ་ཆེ་མཆོག་གིས་ནང་ཆོས་སློབ་གཉེར་བྱ་སའི་བོད་ཀྱི་བསྟི་གནས་ཞེས་པ་ཞིག་གསར་འཛུགས་དང་ཆབས་ཅིག་དེ་གར་ལོ་ངོ་ ༣༠ ལྷག་གི་རིང་ཁོང་ནས་བསྟི་གནས་དེའི་འགན་འཛིན་དང་སློབ་ཁྲིད་གནང་མཁན་གྱི་གཙོ་འགན་བཞེས་ཤིང་། རིན་པོ་ཆེ་མཆོག་ནས་མོན་གྷོ་འདོད་དགུ་གླིང་ར་སྟོད་གྲྭ་ཚང་གི་འཛིན་སྐྱོང་གི་ཐད། ད་བར་མཐུན་འགྱུར་གནང་མུས་ཡིན་འདུག ། ༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་སོགས་ཚད་ལྡན་བཤེས་གཉེན་དམ་པ་དུ་མའི་དྲུང་ནས་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་གསན་བཞེས་མཛད་ཅིང་། རིན་པོ་ཆེ་མཆོག་ནི་མདོ་སྔགས་བརྡ་སྤྲོད་རིག་གནས་དང་བཅས་པར་མཁས་ཤིང་དབང་ལུང་མན་ངག་གི་མཛོད་འཛིན་ལྟ་བུ་ཞིག་ཡིན་ཡང་། ཁེངས་དྲེགས་ཀྱི་རྣམ་པ་ཡེ་མི་མཛད་པར་བླ་མ་ཉམ་ཆུང་ཚུལ་མཐུན་རྣམ་ཀུན་ཐུགས་དམ་ཉམས་བཞེས་ཁོ་ནར་ཐུགས་འགྲུས་མཛད་ཅིང་། གདན་ས་རྭ་སྟོད་གྲྭ་ཚང་དང་བཀྲས་ལྷུན་སོགས་སུ་དབང་ལུང་མན་གང་མང་པོ་འཆད་སྤེལ་མཛད་པ་སོགས་བསྟན་པའི་ཞབས་འདེགས་བླ་ན་མེད་པ་ཞིག་མཛད་པ་། ད་ལན་བོད་ལུགས་ལྟར་དགུང་གྲངས་བརྒྱ་ཐམ་པར་བཞེས་ནའང་སྙུན་གཞི་གང་ཡང་མེད་པར་དགོངས་པ་རྫོགས་པའི་ཚུལ་མཛད་པ་དང་རིན་པོ་ཆེ་གང་ཉིད་དགོངས་པ་རྣམས་འགྲུབ་པའི་ཆེད་དུ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་ལམ་ཞུ།།
༄༅། །གངས་ཅན་གྱི་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཁྲི་པ་རིན་པོ་ཆེ་དབུས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ། ཕྱག་མཛོད་ལས་སྣེ་ལྷན་རྒྱས་གནས་ཆུང་སྒྲ་དབྱངས་རྡོ་རྗེ་གླིང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུས་པ། དཔལ་ལྡན་འབྲས་དཀར་སྤུངས་པའི་ཁྲི་པ་རིན་པོ་ཆེ་བློ་གླིང་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་དང་། འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་སྒོ་མང་རྗེ་བཙུན་བློ་བཟང་བསྟན་པ་མཆོག །འབྲས་
རྒྱ་གར་དབུས་གཞུང་གྲོས་ཚོགས་གོང་མའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་གཙོ་སྐུ་ཞབས་Sujeet Kumar མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ལ་ཕེབས་པ། རྒྱ་གར་དབུས་གཞུང་གྲོས་ཚོགས་གོང་མའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་གཙོ་སྐུ་ཞབས་Sujeet Kumar མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱི་ལོ་ ༢༠༢༢ཟླ་བ་༥ ཚེས་༡༥ ནས་ཚེས་ ༡༩ བར་ཉི
༄༅། །དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་འདུས་མང་གིས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ལྟར་ཉིན་གཉིས་རིང་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་བསྟན་སྲིད་དོན་དུ་ཞབས་རིམ་སྒྲུབ་བཞིན་པ། དེ་རིང་སྟེ་ཕྱི་ལོ་༢༠༢༢ ཟླ་བ་ ༥ ཚེས་ ༡༡ དང་ཚེས་༡༢ བཅས་ཉིན་གཉིས་རིང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་སྤྲུལ་པའི་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་ཕེབས་པ་བཞིན། ༧ སྤྱི་ནོར་༧
དེ་རིང་སྟེ་སླར་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༥ པའི་ཚེས་ ༦ ཉིན་གྱི་ཕྱི་དྲོར་རྒྱ་གར་ལྷོ་ཕྱོགས་དཔལ་ནཱ་ལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ལོ་ལྟར་དབྱར་ཁ་དང་དགུན་ཁའི་ཟབ་སྦྱོང་ཐེངས་གཉིས་རེ་ཡོད་པ་ལྟར། ལོ་འདིའི་དབྱར་ཁའི་ཚན་རིག་ཟབ་སྦྱོང་ཐེངས་དང་པོ་དབུ་ཚུགས་ཡོད། འདིའི་ཐོག་སྐུ་མགྲོན་གཙོ་བོ་དགེ་ལྡན་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་དང་། དགེ་ལྡན་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་བློ་གླིང་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག ། ཨ་རི་ཨེ་