རྒྱ་གར་ལྷོ་ཕྱོགས་དཔལ་ནཱ་ལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ལྷག་པར་རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་འདི་དང་ཕྱི་མའི་རེ་ས་བླ་ན་མ་མཆིས་པ་ཆེན་པོ་༸སྤྱི་ནོར་༸ གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་དང་། ༧སྐྱབས་རྗེ་དགའ་ལྡན་ཁྲི་གདན་ཟུར་དབུས་མཁན་ལས་ཟུར་རྣམ་པ། རྒྱལ་སྲས་བླ་སྤྲུལ་ཁག ། གནས་བརྟན་བགྲེས་
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨོའི་རྣམ་འཕྲུལ་ཁྱབ་བདག་སྟག་ཕུ་བ་ཆེན་པོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་སྔོན་ཚེ་སངས་རྒྱས་འོད་སྲུང་སྐབས་ནས་སྐྱེས་རབས་ཀྱི་ཕྲེང་བ་བཟུང་ཞིང་། སྟག་ཕུ་སྐུ་རབས་སྔོན་མ་ནི་རྗེ་བླ་མ་ཙོང་ཁ་པའི་དངོས་སློབ་ཁྲི་སྟེང་མཛེས་པའི་བླ་ཆེན་བཞིའི་ཡ་གྱལ་ཀཽ་ཤི་དཔལ་ལྡན་དོན་འགྲུབ། དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བ་ཀཽ་ཤི་ངག་དབང་ཆོས་གྲགས་བཟང་པོ། སྟག་ཕུ་རྡོ་རྗེ
ཕྱི་ལོ་༢༠༢༢ ལོའི་ཟླ་ ༥ ཚེས་ ༣ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ལོ་གཅིག་ལ་ཆོས་ཐོག་ཆེན་མོ་བརྒྱད་ཡོད་པ་ལས་ཆོས་ཐོག་གཉིས་པ་དཔྱིད་ཆོས་ཆེན་མོ་དབུ་ཚུགས་གནང་ཡོད། ཆོས་ཐོག་འདི་བོད་ཟླ་གསུམ་པའི་ཚེས་གསུམ་ལ་ཆོས་ར་ཡར་ཚོགས་དང་། དུས་ཡུན་ཟླ་ཆོས་ཡིན། ཟླ་ཆོས་འདིའི་ནང་༧ སྐྱབས་རྗེ་མཁན་རིན་པོ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཐོག་གཙོ་བོ་རྒྱལ་བའི་གཞུང་ཆེན་ཁག་གི་གནད་བསྡུས་པ་བཀའ་པོད་ལྔའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་བ་རྟགས་རིགས་འཛིན་གྲྭ་གཅིག ། ཕར་ཕྱིན་འཛིན་གྲྭ་བདུན།
༄༅། །དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དཔེ་ཐུབ་ཁམས་ཚན་ཟུང་འབྲེལ་ཐོག་བློ་གླིང་དཔེ་ཐུབ་ཁམས་ཚན་དུ་རིགས་ལམ། བཟང་སྤྱོད། བྷོ་ཊི་སྐད་ཡིག་ཟབ་སྦྱོང་ཐོག་ལ་དྭགས་སློབ་མ་མཉམ་ཞུགས་གནང་མཁན་ཡོངས་ལ་གཟེངས་བསྟོད་ཀྱི་ཕྱག་འཁྱེར་སྩལ་བའི་མཛད་སྒོ་ཞིག་ཚོགས་པ། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ པའི་ཚེས་ ༣༠ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་དབུས་བཞུགས་ཐོག། མཛད་སྒོ་དེར་ཆིབས་བསྒྱུར་སྐྱོང་བའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་། གཞན་ཡང་
༄༅། །དེ་རིང་ནི་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་མིའི་བདེ་སྡུག འཚོ་གནས་ཆེད་དུ་བདེན་དོན་རྩོད་ཕོད་པའི་དཔའ་བོ། བཙོན་འཇུག་དང་བརྡུང་བརྡེག་མྱོང་བ་ལ་ཇི་མི་སྙམ་པའི་སེམས་དཔའ་ཆེན་པོ། མཐོ་སྒང་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་འཕང་དགུང་ལ་བཏེགས་ཏེ། གདོང་དམར་བོད་ཀྱི་ས་ཁྱོན་ཡོངས་ལ་སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་པའི་ཉི་མ་ཆེན་པོ། བསྟན་འགྲོའི་ཕན་བདེའི་རྩ་ལག་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པའི་མཆོག་སྤྲུལ་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་བལྟམས་ནས་མི་ལོ་ ༣༣ འཁོར་བའི་
༄༅།།ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༢༠ ནས་ ༢༤ བར་རྒྱ་གར་ལྷོ་ཕྱོགས་དཔལ་ནཱ་ལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་སྤྱི་སྒེར་ཀུན་ལ་དམིགས་ནས་ལོ་བསྟར་ཆགས་སུ་ཞབས་རིམ་སྒྲུབ་བཞིན་པ་ལྟར།ལོ་འདི་ལ་ཡང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་དུ་༧སྐྱབས་རྗེ་བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་དགེ་འདུན་པ་ཞལ་གྲངས་ཉིས་སྟོང་ལྷག་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། ལྷག་པར་རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་འདི་དང་ཕྱི་མའི་རེ་ས་བླ་ན་མ་མཆིས་པ་ཆེན་པོ་༸སྤྱི་ནོར་༸
༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་མཆོག་དབུ་བཞུགས་ཐོག་དབུ་ཆོས་རྣམ་པ་གསུམ་དང་སྐབས་བཅུ་བདུན་པའི་འཛིན་སྐྱོང་ཕྱག་མཛོད་རྣམ་པ་བཅས་ནས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་དཔལ་བཟང་པོ་
ཁྱབ་བདག་བཀའ་འགྱུར་བ་བློ་གླིང་མཁན་ཟུར་རྡོ་རྗེ་ཆང་༧སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེས་ཆོས་བརྡ་གསལ་བསྒྲགས།
༄༅། །གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་མེད་བླ་ཆེན་རྣམ་པའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་སྤྱིའི་བདེ་དོན། གྲྭ་ཚང་གི་མཁན་བླ་འདུས་མང་སྤྱི་དང་འབྲེལ་ཡོད་ དད་ལྡན་སྦྱིན་བདག་འདས་གསོན་
༄༅། །གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་རིན་པོ་ཆེ་ལ་ལྷག་བསམ་ཟོལ་མེད་ཀྱིས་ལོ་ངོ་ཧྲིལ་པོ་ ༡༠ ཡན་སྲི་ཞུ་གནང་མཁན་རྣམ་པར་བཀའ་དྲིན་རྗེས་དྲན་སླད་སྲི་ཞུའི་གཟེངས་བསྟོད་འབུལ་བའི་མཛད་སྒོ་སྐབས་ཀྱི་བརྙན་པར་ཁག།