འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བཀའ་དགོངས་བཞིན་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་། དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་། རྭ་སྟོད་གྲྭ་ཚང་། ས་སྐྱ་གྲྭ་ཚང་བཅས་ནས་འ
༄༅། །ཕྱི་ལོ ༢༠༢༢ ཟླ་བ ༡ ཚེས་ ༡༤ ཉིན་གྱི་དགོང་དྲོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་སྤྲུལ་པའི་གཙུག་ལག་ཁང་གི་མདུན་ཐང་དུ་འབྲས་
ཕྱི་ལོ་ ༢༠༢༢ ཟླ་༡ ཚེས་ ༤ ཉིན་རི་བོ་དགེ་ལྡན་པའི་གདན་ས་ཁག་ཏུ་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་ཆེན་མོ་འཚོགས་ཡོད་ཅིང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་གདན་གསུམ་གཙོས་དགོན་སྡེ་ཁག་གིས་དགུན་ཆོས་ཆེན་མོ་མཉམ་དུ་འཚོགས་ཐུབ་མེད་ཀྱང་། གདན་ས་ཁག་གི་གྲྭ་ཚང་ཁག་སོ་སོའི་ནང་མཉམ་ཚོགས་གནང་བཞིན་པ་ལྟར། དཔལ་ལྡན་འབྲས་སྤུངས་སུ་སྒོ་མང་དང་བློ་གླིང་།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་བཅས་ཀྱི་དགུན་ཆོས་དམ་བཅའ་ཆེན་མོ་མཇུག་ལེགས་པར་གྲུབ་པ།
༄༅། །ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི་སྙིང་རྗེའི་རང་གཟུགས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། གངས་ཅན་བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་དང་བོད་མིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད།
ཀུན་གྱིས་དགོངས་པར་མངའ་གསལ་ལྟར། རྒྱ་ནག་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་ད་ཆར་འཛམ་གླིང་ཁྱོན་ལ་ཁྱབ་ནས་ཉིན་རེ་ལས་མ་འདས་པར་དཀའ་ཉེན་ཇེ་ཆེར་དང་། འགྲོ་བ་མི་རྣམས་ཀྱི་ལུས་སེམས་གཉིས་ལ་གདུང་བ་ཆེན་པོ་བཟོ་བཞིན། དཔལ་འབྱོར་དང་ལས་རིགས་ཀུན་ཉམས་ཉེས་ཚབས་ཆེར་ཐེབས་བཞིན་པའི་འོག་འཛམ་གླིང་གི་རྒྱལ་ཁབ་ཚང་མས་གདོང་ལེན་འཐབ་རྩོད་ཤུགས་དྲག་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་བཞིན་པའི་སྐབས་སུ།
ལོ་བསྟར་ཆགས་སུ་བོད་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་འཚོངས་བཞིན་པ་དེ་ད་ལོར་ཡང་བོད་རྒྱལ་ལོ་༢༡༤༦ ཟླ་བ་ ༡༢ ཚེས་ ༢༦ དང་། ཕྱི་ལོ་༢༠༢༠ ལོའི་ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག
ཕྱི་ལོ༢༠༢༠ཟླ་བ་༢ཚེས་༡༩རེས་གཟའ་ལྷག་པ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་གྱི་སྔ་དྲོར་ཆུ་ཚོད༨ཐོག་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བརྟན་བཞུགས་དབུ་འཛུགས་གནང་།
བོད་རྒྱལ་ལོ་༢༡༤༦ཟླ་བ་༡༠ཚེས་༧དང་།ཕྱི་ལོ་༢༠༡༩ལོའི་ཟླ་༡༢ཚེས་༣རེས་གཟའ་མིག་དམར་གྱི་དགོང་མོར་ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་ལོ་ལྟར་དགེ་བཤེས་ཀྱི་ཕྱག་ཁྱེར་དང་།
བོད་རྒྱལ་ལོ་༢༡༤༦ ཟླ་བ་ ༡༠ ཚེས་ ༥ དང་། ཕྱི་ལོ་༢༠༡༩ ལོའི་ཟླ་ ༡༢ ཚེས་༡ རེས་གཟའ་ཉི་མའི་དགོང་མོར་ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྔར་སྲོལ་བཟང་པོ་ལྟར་འདི་ལོའི་དགེ་བཤེས་ལྷ་རམས་པ་རྣམས་མཚན་ཕུད་དམ་བཅའ་འཇོག་གནང་མཛད་ཡོད། ལོ་འདིར་དགེ་ལྡན་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས